བདེ་སྲུངཔ་ཕུརཔ་རྒྱལམོ་གིས་ རྒུད་འཐུས་དངུལ་ཀྲམ་ཡུདཔ་ཅིག་ ས་ཡ་༢༤མ་ལངམ་ཅིག་དགོཔ་སྦེ བཀོད་དོ་ཡོདཔ།

༉ ཐིམ་ཕུག་ འབར་པའི་ས་ལུ་ སྒྲིག་གཡོག་ནང་སྡོད་པའི་སྐབས་ སྣུམ་འཁོར་ཐུག་རྐྱེན་ལས་བརྟེན་ཏེ་ནདཔ་བཏོན་མི་ བདེ་སྲུངཔ་ཕུརཔ་རྒྱལམོ་གིས་ རྒུད་འཐུས་དངུལ་ཀྲམ་ཡུདཔ་ཅིག་ ས་ཡ་༢༤མ་ལངམ་ཅིག་དགོཔ་སྦེ བཀོད་དོ་ཡོདཔ་ཨིན་མས།

འདི་ཡང་ བདེ་སྲུངཔ་འདི་གི་ཁྲིམས་རྩོདཔ་གིས་ ཁ་ཙ་ ཐིམ་ཕུག་ རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ བཀོད་དེ་ཡོདཔ་ཨིན།

རྐྱེན་ངན་འདི་ཡང་ སྤྱི་ལོ་༢༠༢༠གི་སྤྱི་ཟླ་༩པའི་ནང་ལུ་ བྱུང་ནུག

རྒུད་འཐུས་ནང་ལུ་ སྨན་བཅོས་ཀྱི་འགྲོ་སོང་དང་ ད་ལས་ཕར་ ལོ་ངོ་༤༥གི་རིང་ ཨ་གདན་ཉོ་དགོ་པའི་ཟད་འགྲོ་དང་ ནད་གཡོགཔ་གི་ཟླ་རིམ་གླ་ཆ་ དེ་ལས་ འགྲོ་འགྲུལ་གྱི་ཟད་འགྲོ་དང་འོང་འབབ་མེདཔ་སྦེ་བཟོ་བའི་རྒུད་འཐུས་ འདི་བཟུམ་སྦེ་ སེམས་ཁ་ལུ་ ཚ་གྱང་བཙུགས་མི་དང་ གཞན་མི་རྒུད་འཐུས་ཚུ་ཚུད་དོ་ཡོདཔ་ཨིན་མས།

རྒུད་འཐུས་འདི་ཡང་ བརྒྱུད་འབྲེལ་བློན་པོ་དང་ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་དང་ སྣུམ་འཁོར་འདི་གི་ཇོ་བདག་དང་ དེད་གཡོགཔ་ དེ་ལས་ སྣུམ་འཁོར་བཅོ་ཁ་རྐྱབ་པར་བསྐྱེལ་སའི་སྣུམ་འཁོར་བཅོ་ཁང་དང་ བསྟན་རྒྱས་ལྷན་ཁག་ཚུ་གིས་སྤྲོད་དགོཔ་སྦེ་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube