སྐྱབས་རྗེ་མཆོག་གི་དབུ་བཞུགས་མཛད་དེ་ སངྱས་སྨན་བླ་གི་སྒྲུབ་ཆེན།

༉ རྗེ་མཁན་རིན་པོ་ཆེ་གིས་ ད་རིས་ལས་འགོ་བཙུགས་ཏེ་ ལྷུན་རྩེ་རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་ལུ་སྦེ་ སངས་རྒྱས་སྨན་བླ་གི་སྒྲུབ་ཆེན་ནང་ དབུ་བཞུགས་གནང་པའི་བསྒང་རང་ཡོདཔ་ཨིན།

བདུན་ཕྲག་༡གི་སྒྲུབ་ཆེན་འདི་ཡང་ འཛམ་གླིང་ནང་ ནད་ཡམས་ལས་བརྟེན་ སྟབས་མ་བདེཝ་འཐོན་མི་དང་ ཚེ་སྲོག་ལུ་ བར་ཆད་རྐྱབ་མི་ཚུ་གི་དོན་ལུ་ གནང་དོ་ཡོདཔ་ཨིན་མས།

སྒྲུབ་ཆེན་འདི་ཡང་ སྐྱབས་རྗེ་མཆོག་གིས་དབུ་བཞུགས་མཛད་དེ་ དགེ་སློང་ཞལ་གྲངས་༡༠༠དེ་ཅིག་གིས་ གནང་དོ་ཡོདཔ་ཨིན་མས།

ད་རུང་ སྐྱབས་རྗེ་མཆོག་གིས་ འཛམ་གླིང་ནང་ རང་སྲོག་རང་གིས་བཅད་མི་གི་གནད་དོན་འདི་བཀག་ནི་གི་དོན་ལུ་ ཁ་ཙ་ ཉིནམ་གཅིག་གི་རིང་ རི་བོ་བསང་མཆོད་ཡང་གནང་ནུག

འདི་བཟུམ་སྦེ་ རྗེ་མཁན་རིག་པོ་ཆེ་གིས་ ད་རེས་ཟླཝ་གི་སྤྱི་ཚེས་༡༤གི་ཚེས་ རང་སྲོག་རང་གིས་བཅད་མི་གི་གནད་དོན་ཡར་སེང་འགྱོ་མི་ལུ་ བཟློག་ཐབས་བཟུམ་ཅིག་སྦེ་ བསང་དང་གསུར་མང་སུ་སྦེ་གཏང་དགོ་པའི་ བཀའ་ཤོག་གཅིག་ཡང་གནང་སྟེ་ཡོདཔ་ཨིན།

སྤྱི་ལོ་༢༠༡༨དང་༢༠༢༠གི་བར་ན་ འབྲུག་མི་༢༠༠ལྷགཔ་ཅིག་ རང་སྲོག་རང་གིས་བཅད་དེ་ཡོདཔ་སྦེ་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube