གཙོ་རིམ་ཅན་གྱི་མི་ངོམ་ཚུ་ལུ་ ནངས་པ་ལས་ ཁ་སྐོང་གི་སྨན་ཁབ་རྐྱབ་ནི་ཨིནམ།

༉ ད་རེས་ནངས་པ་ འཛམ་གླིང་ནང་ལུ་ ནད་འབུཔ་ཨོ་མི་ཀོ་རཱོན་ཕྱིལ་འགྱོ་བའི་དུས་ཚོད་ཁར་ གསོ་བའི་ལྷན་ཁག་གིས་ ནངས་པ་ལས་འགོ་བཙུགས་ཏེ་ རྒྱལ་ཁབ་ནང་གི་ གཙོ་རིམ་ཅན་གྱི་མི་ངོམ་ཚུ་ལུ་ ནད་ཡམས་བཀག་ཐབས་ཀྱི་ ཁ་སྐོང་གི་སྨན་ཁབ་ཚུ་རྐྱབ་ནི་ཨིན་མས།

བདུན་ཕྲག་གཅིག་གི་རིང་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ ནད་ཡམས་བཀག་ཐབས་ཀྱི་ ཁ་སྐོང་གི་སྨན་ཁབ་ཚུ་ཡང་ ཉེན་ཁ་ཆེ་བའི་ས་གོ་ནང་སྡོད་མི་ སྐྱེ་ལོ་༡༨ཡན་ཆད་འབད་མི་ཚུ་དང་ ལོ་༦༥ཡན་ཆད་འབད་མི་ དེ་ལས་ གསོ་བའི་ལས་བྱེདཔ་ད་ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ཕར་འགྱོ་མི་ ལོ་༡༨ཡན་ཆད་འབད་མི་ཚུ་ལུ་ རྐྱབ་ནི་ཨིན་མས།

གསོ་བའི་ལྷན་ཁག་དང་འཁྲིལ་པ་ཅིན་ གཙོ་རིམ་ཅན་གྱི་སྡེ་ཚན་ནང་ལུ་ ཁ་སྐོང་གི་སྨན་ཁབ་རྐྱབ་དགོ་མི་ མི་གྲངས་འབུམ་༢དང་སྟོང་ཕྲག་༣༠དེ་ཅིག་ཡོདཔ་སྦེ་བཤད་ཅི།

ལྷན་ཁག་གིས་ ཁ་སྐོང་གི་སྨན་ཁབ་ཚུ་ཡང་ མོ་ཌེ་ན་དང་ཕའི་ཟར་གི་ སྨན་ཁབ་ཚུ་ རྐྱབ་ནི་ཨིན་མས།

ཨིན་རུང་ ཁབ་ཐེངས་དང་པ་དང་ གཉིས་པའི་སྐབས་ ཨེསི་ཊ་ཟེ་ནི་ཀ་དང་ ཀོ་ཝི་ཤིལཌ་རྐྱབ་མི་ཚུ་ལུ་ སྨན་ཁབ་ཀྱི་གདམ་ཁ་བྱིན་ནི་ཨིན་མས།

ཁ་སྐོང་གི་སྨན་ཁབ་ཚུ་ཡང་ གསོ་བའི་ལྟེ་བ་ཚུ་ནང་ལས་ཕར་ ད་རེས་ཟླཝ་གི་སྤྱི་ཚེས་༣༡ཚུན་ཚོད་ ཐོབ་ཚུགས་ནི་ཨིན་མས།

ཞུན་དག་པས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube