མི་དབང་མཆོག་གིས་ མི་དབང་རྒྱལ་པོའི་སྲས་ ཨྱོན་འཇིགས་མེད་དབང་ཕྱུག་ལུ་ སྐུ་འཁོར་གྱི་ན་བཟའ་གནང་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་གིས་ མི་དབང་རྒྱལ་པོའི་སྲས་ ཨྱོན་འཇིགས་མེད་དབང་ཕྱུག་ལུ་ སྐུ་འཁོར་གྱི་ན་བཟའ་གནང་ཡི།

མི་དབང་མཆོག་གིས་ སྐུ་འཁོར་ན་བཟའ་འདི་ཡང་ ད་ལས་ཕར་ རྩ་བ་༣ལུ་ ཕྱག་ཕྱིད་གང་དྲག་ཞུ་དགོ་པའི་ ཕྱག་འགན་དང་བཅསཔ་སྦེ་ གནང་ཡོདཔ་ཨིན་མས།

མི་དབང་རྒྱལ་པོའི་སྲས་ ཨྱོན་འཇིགས་མེད་དབང་ཕྱུག་འདི་ སྤྱི་ལོ་༡༩༩༤ལུ་ མི་དབང་ཡབ་རྗེ་དམ་པ་ འབྲུག་རྒྱལ་བཞི་པ་མཆོག་དང་ མི་དབང་རྒྱལ་ཡུམ་ ཚེ་རིང་པདྨ་དབང་ཕྱུག་མཆོག་གི་སྲས་སུ་ སྐུ་འཁྲུངས་ནུག

མི་དབང་རྒྱལ་པོའི་སྲས་ཀྱིས་ སྤྱི་ལོ་༢༠༡༩ལུ་ སྐུ་ཡོན་བཞེས་ཚར་བའི་ཤུལ་མ་ སྤྱི་ལོ་༢༠༢༠སྤྱི་ཟླ་༣པའི་ནང་ བདེ་སྲུང་གི་སྦྱོང་བརྡར་གནང་ཡོདཔ་ཨིན་མས།

འདི་གི་ཤུལ་ལས་ ནད་ཡམས་ཀྱི་དུས་ཚོད་ཁར་ རྒྱལ་ཁབ་ནང་ བདེ་སྲུངཔ་ཚུ་དང་ ཕྱག་འགན་ཅོག་རང་ཐདཔ་སྦེ་ བཞེས་གནང་ནུག

གནས་ཚུལ་གསར་སྟོན།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube