སྐར་མ་ཕིཌསི་གི་དཔེ་ཚད་ བརྟག་ཞིབ་འབད་བར་ ཕྱི་རྒྱལ་ལུ་བཏང་ནི་ཨིནམ།

༉ སྐར་མ་ཕིཌསི་གི་ བྱའི་ཟན་མ་ལས་བརྟེན་ཏེ་ བྱ་གསོ་སྐྱོང་ཁང་ཚུ་ནང་ལས་ཕར་ བྱ་སྟོང་ཕྲག་ལས་བཅད་དེ་ཤི་བའི་ཤུལ་མ་ སྒོ་ནོར་ལས་ཁུངས་ཀྱི་ སྐར་མ་ཕིཌསི་གི་དཔེ་ཚད་ཚུ་ ཚན་རིག་གི་བརྟག་ཞིབ་འབད་བར་ ཕྱི་ཁར་བཏང་ནི་ཨིན་མས།

འདི་གི་དོན་ལུ་ ད་རེས་ སྒོ་ནོར་ལས་ཁུངས་ཀྱིས་ སིངྒ་པོར་དང་ ཐའི་ལེན་རྒྱལ་ཁབ་དང་གཅིག་ཁར་ བློ་སླབ་པའི་བསྒང་ར་འདུག

ལས་ཁུངས་ཀྱི་ བརྟག་ཞིབ་ཀྱི་སྒྲུབ་བྱེད་དང་འཁྲིལཝ་ད་ འདས་པའི་ཟླཝ་ནང་ སྐར་མ་ཕིཌསི་གི་ བྱའི་ཟན་མ་ཚུ་ མེདཔ་ཐལ་མི་འདི་གིས་ བྱ་སྟོང་ཕྲག་༥༤ལྷགཔ་ཅིག་ ཤི་སྟེ་ཡོདཔ་སྦེ་ཨིན་མས།

གནས་ཚུལ་བསྡུ་ལེན་འབད་མི་ བསམ་གཏན་སྒྲོལ་དཀར།  ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube