བཀྲིས་གཡང་རྩེའི་ ཁྲོམ་སྡེ་ངོ་ཚབ་ཀྱི་འདེམས་ངོ་ཚུའི་ཁས་བླངས།

༉ བཀྲིས་གཡང་རྩེ་ལུ་ དུས་ཅི་ སྤྱི་ཟླ་༨པའི་ནང་ ཆུ་རུད་འཐོན་མི་འདི་གིས་ གཡང་རྩེ་ཁྲོམ་གྱི་ ཟ་ཆུའི་རྐ་ཅིག་ འཕྱག་འབག་སྟེ་སྦེ་འདུག

གཡང་རྩེ་ཁྲོམ་ཁ་ལས་ ཀི་ལོ་མི་ཀྲར་༦དེ་ཅིག་གི་ས་ཁར་ཡོད་པའི་ ཆུའི་རྐ་འདི་ འཕྱག་འབག་པའི་ཤུལ་མ་ ད་རེས་ ཉམས་བཅོས་འབད་ཚུགས་པར་ གནས་སྟངས་སྐྱོ་སི་སི་ཅིག་སྦེ་ ལུས་ཏེ་ཡོདཔ་ཨིན་མས།

ད་རེས་ རྫོང་ཁག་བདག་སྐྱོང་གིས་ ས་གོ་འདི་ནང་ལུ་ གནས་སྐབས་ཀྱི་ཆུ་མཛོད་ཁང་ཅིག་ རྐྱབ་སྟེ་ཡོད་རུང་ མི་ཚུ་གིས་སླབ་མི་ནང་ ཆུ་ཚུ་ ཧོ་མ་ཁོག་ཁོ་སྦེ་ འོང་མས་ཟེར་ ཉོག་བཤད་བཀོདཔ་ཨིན་མས།

ཨིན་རུང་ ད་རེས་ ཁྲོམ་སྡེ་ངོ་ཚབ་ཀྱི་དོན་ལུ་ དོ་འགྲན་འབད་མི་ འདེམས་ངོ་ ༢ཀྱིས་ ཁྲོམ་འདི་ནང་ལུ་ འཐུང་ཆུའི་དཀའ་ངལ་སེལ་ནི་གི་ ཁས་བླངས་འབད་དེ་འདུག

 

གནས་ཚུལ་བསྡུ་ལེན་འབད་མི་ ཚོ་རིང་དོན་གྲུབ། བཀྲིས་གཡང་རྩེ།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube