ཀེལ་མི་བུ་ཊན་རྒྱལ་ཡོངས་ཨམ་སྲུའི་རྐང་རྩེད་ཀྱི་འགྲན་བསྡུར་ནང་ལས་ སཱན་རའིས་གིས་ རྒྱལ་ཁ་ཐོབ་ཡོདཔ།

༉ དུས་ཅི་གི་ ཀེལ་མི་བུ་ཊན་རྒྱལ་ཡོངས་ཨམ་སྲུའི་རྐང་རྩེད་ཀྱི་འགྲན་བསྡུར་ནང་ལས་ སཱན་རའིས་ཨམ་སྲུའི་སྡེ་ཚན་གྱིས་ གོལ་༢་དང་༡་སྦེ་ ཨྱོན་རིག་པའི་འབྱུང་གནས་ཀྱི་ཨམ་སྲུའི་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཅི།

མཐའ་དཔྱད་འགྲན་བསྡུར་འདི་ཡང་ ད་རིས་ སྤུ་ན་ཁ་ལུ་ རྩེད་འགྲན་འབད་དེ་ཡོདཔ་ཨིན།

རྩེད་འགྲན་འདི་ འགོ་བཙུགས་པའི་བསྒང་ལས་རང་ དོ་འགྲན་ཅན་ཅིག་སྦེ་འགྱོ་སྟེ་ཡོདཔ་ལས་ བར་མཚམས་མ་ལེན་པའི་ཧེ་མ་ སྡེ་ཚན་གཉིས་ཆ་ར་གིས་ གོལ་རེ་རེ་ལས་བརྒལ་ བཙུགས་མ་ཚུགསཔ་ཨིན།

ཨིན་རུང་ བར་མཚམས་ཀྱི་ཤུལ་ལས་ ད་རུང་ སཱན་རའིས་ཨམ་སྲུའི་སྡེ་ཚན་གྱིས་ གཱོལ་༡་བཙུགས་ཡོདཔ་ལས་ ཨྱོན་རིག་པའི་འབྱུང་གནས་སློབ་གྲྭའི་སྡེ་ཚན་འདི་ ཕམ་སོངཔ་ཨིན།

རྒྱལ་ཁ་ཐོབ་མི་སྡེ་ཚན་ཚུ་གིས་ རྒྱལ་རྟགས་དང་ཅིག་ཁར་ དངུལ་རྐྱང་གི་གསོལ་རས་ཚུ་ཐོབ་ཡོདཔ་ད་ རྐང་རྩེད་འགྲན་བསྡུར་འདི་ནང་ལུ་ དུས་ཅི་ སྡེ་ཚན་༦་གིས་ དོ་འགྲན་འབད་ཡི།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube