དབང་བཙོང་འདོད་སྤྱོད་ཀྱི་རྩོད་དོན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་བཏང་ཡོདཔ།

༉ མོང་སྒར་རྒྱལ་པོའི་ཞིང་གི་ ཁྲིམས་སྲུང་འགག་པ་གིས་ ལོ་ན་མ་སྨིན་པའི་ བུམོ་ཅིག་ལུ་ བང་ཅན་བཙོང་ཡོད་མི་དང་འབྲེལ་བའི་ རྩོན་དོན་འདི་ ད་རིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་སྟེ་འདུག

བྱ་ངན་འདི་ནང་འབྲེལ་བ་ཡོད་མི་ ལོ་༢༢ལང་མི་ཕོ་སྐྱེ་ཅིག་ སྤ་རོ་གི་ཁྲིམས་སྲུང་འགག་པ་གིས་ བཟུང་པའི་ཤུལ་ལས་ དྲི་དཔྱད་འབད་ནིའི་དོན་ལས་ རྒྱལ་པོའི་ཞིང་ལུ་བཏང་ནུག

ལོ་༡༦ལང་མི་ བུམོ་འདི་ འཕྲལ་ཁམས་ཅིག་ཁར་ ཨ་ལོ་སྐྱེས་ཏེ་ཡོདཔ་ཨིན་མས།

བྱ་ངན་འདི་ཡང་ དུས་ཅི་ སྤྱི་ཟླ་༢པ་དང་༣པའི་བར་ན་ མོང་སྒར་རྒྱལ་པོའི་ཞིང་ལུ་ བྱུང་ཡོདཔ་ཨིན་མས།

ཁྲིམས་སྲུང་འགག་པ་དང་འཁྲིལཝ་ད་ ཕོ་སྐྱེས་འདི་གིས་ བྱ་ངན་འདི་འབད་ཡོདཔ་སྦེ་ ཁ་བཟེད་དེ་ཡོད་ཟེར་ཨིན་མས།

གནད་དོན་འདི་གི་སྐོར་ལས་ སློབ་གྲྭའི་ལས་བྱེདཔ་ཅིག་གིས་ སློབ་གྲྭའི་བདག་སྐྱོང་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཧ་གོ་ཡོདཔ་དང་ འདི་གི་ཤུལ་ལས་ རྫོང་ཁག་ཤེས་རིག་ལས་ཚན་དང་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་ལུ་ སྙན་ཞུ་འབད་ཡོདཔ་ཨིན་མས།

གནས་ཚུལ་འབྱུང་ས་དང་འཁྲིལ་བ་ཅིན་ གནད་དོན་འདི་ ཁོང་ར་རྩ་ཕན་ཚུ་ ནང་སྒྲིག་རྐྱབ་ནིའི་ དཔའ་བཅམ་དོ་ཡོདཔ་ལས་ བུམོ་འདི་གི་ ཕམ་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ཡང་ སྙན་ཞུ་མ་འབད་བས་ཟེར་ཨིན་མས།

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube