འབྲུག་པའི་ཀིར་ཀེཊ་ཨམ་སྲུའི་སྡེ་ཚན་གྱིས་ ཀུ་ཝེཊ་ལས་ རྒྱལ་ཁ་ཐོབ་ཡོདཔ།

༉ ཡུ་ཨེ་ཨི་ལུ་ འགོ་འདྲེན་འཐབ་པའི་བསྒང་རང་ཡོད་མི་ ཊི་ཊོ་ཡན་ཊི་ཝརལཌ་ཀཔ་ཨེ་ཤི་ཡ་ཟེར་མི་ ཨམ་སྲུའི་ཀིར་ཀེཌ་གི་གོ་སྐབས་རྩེད་འགྲན་ནང་ལུ་ ད་རིས་ འབྲུག་པའི་ཨམ་སྲུའི་སྡེ་ཚན་གྱིས་ ཀུ་ཝེཊ་གི་ཨམ་སྲུའི་སྡེ་ཚན་ལས་ རན་ ༤༠གིས་ རྒྱལ་ཁ་ཐོབ་ནུག

འདི་ཡང་ འབྲུག་པའི་ཨམ་སྲུའི་སྡེ་ཚན་གྱིས་ རན་114བཟོ་ཡོདཔ་ཨིན་རུང་ ཀུ་ཝེཊ་གི་ཨམ་སྲུའི་སྡེ་ཚན་གྱིས་ རན་༧༤ལས་བརྒལ་ བཟོ་མ་ཚུགསཔ་ཨིན་མས།

འབྲུག་པའི་ཨམ་སྲུའི་ཀིར་ཀེཌ་སྡེ་ཚན་གྱིས་ ནངས་པ་ སྦལ་བུ་གི་སྡེ་ཚན་དང་གཅིག་ཁར་ དོ་འགྲན་འབད་ནི་གི་ལས་རིམ་འདུག

གོ་སྐབས་རྩེད་འགྲན་འདི་ནང་ལུ་ འབྲུག་དང་ཧོང་ཀོང་ སྦལ་བུ་དང་ཡུ་ཨེ་ཨི་ དེ་ལས་ ཀུ་ཝེཊ་དང་ མ་ལེ་ཤི་ཡ་གི་ཨམ་སྲུའི་སྡེ་ཚན་ཚུ་གིས་ དོ་འགྲན་འབད་དོ་ཡོདཔ་ཨིན།

སྤྱི་ལོ་༢༠༢༡གི་ ཊི་ཊོ་ཡན་ཊི་ཝརལཌ་ཀཔ་ཨེ་ཤི་ཡ་གི་གོ་སྐབས་རྩེད་འགྲན་ནང་ལས་ དྲག་ཤོས་ཐོན་མི་ཚུ་གིས་ སྤྱི་ལོ་༢༠༢༢ཀྱི་ ཨའི་སི་སི་ཨམ་སྲུའི་ཝརལཌ་ཊོ་ཡན་ཊི་ཊོ་ཡན་ཊིགི་ གོ་སྐབས་རྩེད་འགྲན་ནང་ལུ་ བཅའ་མར་གཏོགས་ནི་གི་ གོ་སྐབས་ཐོབ་ནི་ཨིན་མས།

ཨའི་སི་སི་ཨམ་སྲུའི་ཝརལཌ་ཊོ་ཡན་ཊི་ཊོ་ཡན་ཊིགི་རྩེད་འགྲན་འདི་ཡང་ སྤྱི་ལོ་༢༠༢༣ལུ་ སའུད་ཨེ་ཕི་རི་ཀ་ལུ་ འགོ་འདྲེན་འཐབ་ནི་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube