ཀེ་ཧང་འབག་ཡོད་པའི་དོགས་པ་ལས་བརྟེན་ཏེ་ ཕོ་སྐྱེས་གཅིག་བཟུང་ཡོདཔ།

༉ མོང་སྒར་རྒྱལ་པོའི་ཞིང་གི་ཁྲིམས་སྲུང་འགག་པ་གིས་ ཁ་ཙ་ སྨྱོ་རྫས་ཀེ་ཧང་འབག་ཡོད་པའི་དོགས་པ་ལུ་བརྟེན་ཏེ་ སྐྱེས་ལོ་༡༩ལང་མི་ཕོ་སྐྱེས་གཅིག་ བཟུང་ནུག

ཁྲིམས་སྲུང་འགག་པ་གིས་ དོགས་པ་ཅན་ཕོ་སྐྱེས་འདི་ནང་ལས་ ཀེ་ཧང་ག་རམ་༢༨དང་ ཀེ་ཧང་གི་ཐོན་སྐྱེད་ ཀེ་ཇི་གཅིག་མ་ལངམ་ཅིག་ཐོབ་སྟེ་འདུག

ཁྲིམས་སྲུང་འགག་པ་དང་འཁྲིལ་བ་ཅིན་ དོགས་པ་ཅན་ཕོ་སྐྱེས་འདི་ མོང་སྒར་ལས་ ཀྲོང་གསར་ཁ་ཐུག་ འགྱོ་བའི་བསྒང་སྡོད་ནུག་ཟེར་ཨིནམ་ད་ ཕོ་སྐྱེས་འདི་ དེ་བསྒང་་སྨྱོ་རྫས་ཡང་སྤྱོད་དེ་ཡོདཔ་སྦེ་མཐོང་ནུག

སྨྱོ་རྫས་འབག་ཡོད་པའི་གནོད་འགེལ་འདི་ལུ་ བཙོན་ཁྲིམས་ལོ་༣ལས་ མཐོ་ཤོས་༩ཚུན་ཚོད་ སྨིན་དགོ་ནི་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube