གཟའ་ཕུར་བུ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༥

ནད་ཡམས་ལུ་གདོང་ལེན་གྱི་ ལས་འགུལ་གསརཔ་གི་དོན་ལུ་ ཆིངས་ཡིག་གུ་མཚན་རྟགས་བཀོད་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢ ༢༠༢༠

༉ ཇ་པཱན་གཞུང་གི་ མ་དངུལ་རྒྱབ་བསྐྱོར་འབད་དེ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་ རྒྱབ་བསྐྱོར་ཐོག་ལས་ ནད་ཡམས་ ཀོ་ཝིཌ-༡༩ ལུ་ གདོང་ལེན་གྱི་ལས་འགུལ་གསརཔ་ འགོ་བཙུགས་ནིའི་དོན་ལུ་ ད་རིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ འབྲུག་ལུ་ཡོད་པའི་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱིས་ མཉམ་འབྲེལ་གྱི་ཆིངས་ཡིག་གཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན།

ད་ལས་ཕར་ ཟླཝ་༩་གི་རིང་ བསྟར་སྤྱོད་འབད་ནི་ཨིན་མི་ ལས་འགུལ་འདི་ལུ་ ཡུ་ཨེས་དྲོ་ལར་ འབུམ་༡༩་ལྷགཔ་ཅིག་གནས་ནི་ཨིན་མས།

ལས་འགུལ་འདི་གི་ འབྲུག་གཞུང་ལུ་ རྒྱལ་ཁབ་ཀྱི་གསོ་བའི་ལམ་ལུགས་ རྒྱ་བསྐྱེད་བཏང་ནི་དང་ ནད་ཡམས་ལས་བརྟེན་ མི་སྡེ་དཔལ་འབྱོར་ལུ་ བྱེམ་ཕོགས་ཏེ་ཡོད་མི་ཚུ་ སེལ་ཞིནམ་ལས་ ནད་ཡམས་ཀོ་ཝིཌ-19 ལུ་ གདོང་ལེན་འབད་ནི་ནང་ རྒྱབ་བསྐྱོར་འབད་ནི་ཨིན་མས།

འཛམ་གླིང་ནང་ལུ་ མ་དངུལ་འདི་འཐོབ་མི་ རྒྱལ་ཁབ་༢༩་གདམ་འཐུ་ འབད་དེ་ཡོད་མི་གི་གྲལ་ལས་ གཅིག་ འབྲུག་རྒྱལ་ཁབ་ཨིན་མས།