གཟའ་ཕུར་བུ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༥

༉ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་གྱིས་ ད་ས་དྲོ་པ་ བླམ་༣་ གསར་བསྐོསགནང་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢ ༢༠༢༠

༉ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་གྱིས་ ད་ས་དྲོ་པ་ བླམ་༣་ གསར་བསྐོས་གནང་ཡི།

བླམ་གསརཔ་ཚུ་ཡང་ ཐིམ་ཕུག་ ཁ་ས་གྲབ་ཆུ་གི་ལྷ་ཁང་དང་ བསམ་རྩེ་ལུ་ཡོད་པའི་ འོད་གསལ་རྩེ་ལྷ་ཁང་ དེ་ལས་ སྤ་རོ་ལུ་ཡོད་པའི་ གདོང་དཀར་ལ་ལྷ་ཁང་ཚུ་གི་དོན་ལས་ བླམ་སྦེ་ གསར་བསྐོས་གནང་ཡོདཔ་ཨིན་མས།

ཆུ་ཁ་ལས་ སྐྱེ་ལོ་༥༨ལང་མི་ སྟགས་གཟིགས་འདི་ ཐིམ་ཕུག་ ཁ་ས་གྲབ་ཆུ་ལྷ་ཁང་གི་ བླམ་གསརཔ་སྦེ་ འདེམས་བསྐོས་གནང་ཡི།

ཁོ་གིས་ ལོ་༩་ལས་ དགེ་སློང་ནང་འཛུལ་ཡོདཔ་ད་ འདི་གི་ཤུལ་ལས་ ལོ་༣་ཆོས་༣་ཚང་ཡོདཔ་མ་ཚད་ ད་རེས་ཀྱི་གོ་གནས་མ་ཞུ་བའི་ཧེ་མ་ བཀྲིས་ཆོས་རྫོང་ནང་ལུ་ ཕྱག་ཞུ་ནུག

དེ་ལས་ དབང་འདུས་ཕོ་བྲང་ལས་ སྐྱེ་ལོ་༤༥་ལང་མི་ འཆི་མེད་རྡོ་རྗེ་འདི་ བསམ་རྩེ་ འོད་གསལ་རྩེད་ལྷ་ཁང་གི་ བླམ་གསརཔ་སྦེ་ འདེམས་བསྐོས་གནང་ནུག

ཁོ་གིས་ཡང་ ལོ་༧་སྦེ་སྡོདཔ་ད་རང་ དགེ་སློང་ནང་འཛུལ་ཡོདཔ་མ་ཚད་ བླ་སློབ་མང་རབ་ཅིག་རྩིས་ཏེ་ རྗེ་མཁན་ཁྲི་རབས་༦༨་པ་ ཞིང་གཤགས་ རྗེ་ བསྟན་འཛིན་དོན་གྲུབ་མཆོག་ལས་ཡང་ ཆོས་ཞུ་ཡོདཔ་ཨིན་མས།

ད་རེས་ཀྱི་གོ་གནས་མ་ཞུ་བའི་ཧེ་མ་ བླམ་ འཆི་མེད་ཀྱིས་ སྤུང་ཐིམ་གྲྭ་ཚང་གི་ དཔེ་མཛོད་འགོ་དཔོན་སྦེ་ ཕྱག་ཞུ་ནུག

འདི་བཟུམ་སྦེ་ སྤ་རོ་ གདོང་དཀར་ལ་ལྷ་ཁང་གི་ བླམ་གསརཔ་འདི་ སྐྱེ་ལོ་༤༧་ལང་མི་ ཀུན་ལེགས་ འདེམས་བསྐོས་གནང་ཡི།

བླམ་ཀུན་ལེགས་ཀྱིས་ ལོ་༡༦་ལས་ འགེ་སློང་ནང་འཛུལ་བཞུགས་འབད་ཡོདཔ་ད་ ད་རེས་ཀྱི་གོ་གནས་མ་ཞུ་བའི་ཧེ་མ་ སྤ་རོ་ ཀུན་དགའ་ཆོས་གླིང་གྲུབ་སྡེ་ནང་ལུ་ ཕྱག་ཞུ་ཡོདཔ་ཨིན་མས།

ཚེ་རིང་བཟངམོ། གནས་ཚུལ་བསྡུ་ལེན་པ། ཐིམ་ཕུག