གཟའ་ཕུར་བུ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༥

ཨིསི་ཀའུཊ་གི་ལམ་སྟོན་ཀི་དེབ་ཅིག་གསར་སྟོན།

སྤྱི་ཟླ་༧ པའི་ཚེས་ ༢ ༢༠༢༠

༉ འབྲུག་ལུ་ ཨིསི་ཀའུཊ་གི་ལས་རིམ་འདི་ སྤྱི་ལོ་༡༩༨༠ རྒྱ་གྲངས་ནང་ལས་ འགོ་བཙུགས་ཡོདཔད་ཨིན་རུང་ ད་ལྟོ་ཚུན་ཚོད་ ལས་རིམ་འདི་གི་དོན་ལས་ ལམ་སྟོན་གསལ་ཏོག་ཏོ་ཅིག་ ག་ནི་ཡང་མེདཔ་ཨིན་མས།

ད་རེས་ རྒྱལ་ཁབ་ནང་ལུ་ ཨིསི་ཀའུཊ་སྟོང་ཕྲག་༥༥ ལྷགཔ་ཅིག་ཡོད་མི་དང་འབྲེལ་ ཨིསི་ཀའུཊ་གི་འཐུས་མི་ཅིག་གིས་ ལམ་སྟོན་གྱི་ཀི་དེབ་གསརཔ་ཅིག་ གསར་སྟོན་འབད་ཡི།

ཀི་དེབ་འདི་ཡང་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ འགོ་འབྱེད་མཛད་གནང་ནུག

ཀི་དེབ་འདི་ཡང་ སློབ་དཔོན་སྦེ་ཕྱག་ཞུ་མི་ ཟླ་བ་འབྲུག་པ་གིས་ རྒྱལ་ཁབ་ནང་ལུ་ སི་ཀའུཊ་ཆ་མཉམ་ལུ་ ཕན་ཐོགས་འབྱུང་ཚུགས་པའི་རེ་བ་བསྐྱེད་དེ་ འབྲི་ནི་སྦེ་ ཐག་བཅད་དེ་འདུག

ཀི་དེབ་འདི་ནང་ལུ་ ཨིསི་ཀའུཊ་གི་འབྱུང་རབས་དང་ གཞི་རྩ་ དེ་ལས་ ངོ་རྒྱན་ལམ་ལུགས་དང་ བི་པི་ལུས་སྦྱོང་གི་ ཁ་གསལ་ཚུ་ འཁོད་དེ་ཡོདཔ་ལས་ སི་ཀའུཊ་ཆ་མཉམ་ལུ་ ལམ་སྟོན་སྦེ་ ལག་ལེན་འཐབ་བཏུབ་པའི་ ཁེ་ཕན་འབྱུང་ནི་ཨིན་མས།

ཀི་དེབ་འདི་ ཟླ་བ་འབྲུག་པ་གིས་ དཔེ་སྐྲུན་འབད་མི་ཚུ་གི་གྲལ་ལས་ རིམ་ཐེངས་༤ ཨིནམ་ད་ ཧེ་མའི་ཀི་དེབ་༣ འདི་ རྫོང་ཁ་ནང་ལུ་སྦེ་ འབྲི་སྟེ་ཡོདཔ་ཨིན་མས།

འབྲུག་ལུ་ སི་ཀའུཊ་གི་ལས་རིམ་ལས་བརྟེན་ཏེ་ མ་འོངས་པའི་ནང་ ན་གཞོན་ཚུ་གི་ འཇོན་ཐངས་དང་ ལྕོགས་གྲུབ་ཚུ་ འགོ་འཕེལ་བཏང་ཚུགས་པའི་ ཡོད་འོས་འབབ་ཡོདཔ་སྦེ་ མཐོང་པའི་ཤུལ་མ་ སི་ཀའུཊ་གི་ལཱ་འདི་ འགོ་བཙུགས་ནུག

ཀུན་་་་་་་་་་་་་་་་་་ལེགས་སྒྲོལམ། གནས་ཚུལ་བསྡུ་ལེན་པ། ཐིམ་ཕུག