གཟའ་ཕུར་བུ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༥

སློབ་རིམ་བཅུ་པ་དང་བཅུ་གཉིས་པའི་དོན་ལུ་ སློབ་གྲྭ་སྒོ་ཕྱི་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢ ༢༠༢༠

༉ ད་རེས་ནངས་པ་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ཁྱབ་སྤེལ་འགྱོ་བའི་དུས་ཚོད་ཁར་ བར་ན་ས་སྟོང་བཞག་ནི་དང་ འཛོམས་འཛོམས་རུ་རུ་འབད་ནི་ དེ་ལས་ ཁ་རས་ལག་ལེན་འཐབ་ནི་དང་ འཕྲལ་འཕྲལ་རང་ ལགཔ་ཆུ་འཁྱུ་ནི་འདི་ ཨིན་ཅི་མིན་ཅི་ འབད་དགོ་པའི་ དུས་རྒྱུན་གྱི་ལས་སྣ་ཅིག་སྦེ་འཐོན་ཏེ་ཡོདཔ་ཨིན།

དུས་ཚོད་འ་ནེམ་ཅིག་ཁར་ མི་དམངས་འཛོམས་ནི་ལས་ བཀག་མ་ཚུགས་པའི་ ས་གོ་ལེ་ཤ་ཡོད་པའི་གྲལ་ལས་ གཅིག་ སློབ་གྲྭ་ནང་ལུ་ འཐོན་དོ་ཡོདཔ་ཨིན་མས།

ནད་ཡམས་ཀྱི་གནས་སྟངས་ལས་བརྟེན་ཏེ་ རྒྱལ་ཁབ་ནང་གི་ སློབ་གྲྭ་ཚུ་ ཟླཝ་༣དེ་ཅིག་གི་རིང་ལུ་ སྒོ་བསྡམ་བཞག་པའི་ཤུལ་མ་ ཤེས་རིག་ལྷན་ཁག་གི་ བཀོད་རྒྱ་དང་འཁྲིལ་ཏེ་ ད་རིས་ལས་ སློབ་རིམ་༡༠་པ་དང་༡༢་པའི་ སློབ་ཚུ་གི་དོན་ལུ་ སྒོ་ཕྱི་སྟེ་ཡོདཔ་ཨིན།

སློབ་གྲྭ་མང་ཤོས་ཅིག་ནང་ལས་ཕར་ ནད་ཡམས་མངོན་འགོག་གི་ ཐབས་ལམ་ཚུ་གི་གྲལ་ལས་ སློབ་གྲྭའི་ས་གོ་ནང་མ་འཛུལ་བའི་ཧེ་མ་ སློབ་གྲྭའི་མཐུན་རྐྱེན་ཚུ་ནང་ལས་ཕར་ སྨན་གཏོར་ནི་དང་ ལགཔ་འཁྱུ་ནི་ དེ་ལས་ བར་ན་ས་སྟོང་བཞག་ནི་དང་ སློབ་ཁང་ནང་ལུ་ སློབ་ཕྲུག་གི་གྱངས་ཁ་ ག་་དེ་དྲག་དྲག་ ཉུང་སུ་སྦེ་བཞག་ནི་གི་ཐབས་ལམ་ཚུ་ བཏོན་ཏེ་སྦེ་འདུག

འདི་དང་གཅིག་ཁར་ ད་རེས་ ནད་ཡམས་མངོན་འགོག་གི་ཐབས་ལམ་དང་ ལམ་ལུགས་ཚུ་ དམ་དམ་སྦེ་རང་ ལག་ལེན་འཐབ་སློབ་གྲྭ་ཚུ་ ལོག་སྟེ་རང་སྒོ་ཕྱི་པའི་ཤུལ་མ་ མཇུག་ལས་མཇུག་སུ་ ནད་ཡམས་ཁྱབ་སྤེལ་མི་འགྱོ་འོང་ཟེར་བའི་ རེ་བ་སྐྱེདཔ་ཨིན་མས།

ཚེ་རིང་དོན་གྲུབ། གནས་ཚུལ་བསྡུ་ལེན་པ། ཐིམ་ཕུག