གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

གཞུང་གྲྭ་ཚང་གི་ འཕགས་པའི་དགེ་འདུནམ་ཚུ་ ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་ནང་ལུ་ གསོལ་ཐབས་ཕེབས་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༣ ༢༠༢༠

༉ གཞུང་གྲྭ་ཚང་གི་ འཕགས་པའི་དགེ་འདུནམ་ཚུ་ ད་རིས་ གནམ་བྱར་གྱི་ཞུགས་གནས་ ཐིམ་ཕུག་བཀྲ་ཤིས་ཆོས་རྫོང་ནང་ལུ་ གསོལ་ཐབས་ཕེབས་གནང་ཡི།

སྟེ་ རྡོ་རྗེ་སློབ་དཔོན་ དབུ་ཞུགས་ཀྱི་ཐོག་ལས་ གཞུང་གྲྭ་ཚང་གི་དགེ་འདུནམ་ཚུ་ ད་ས་དྲོ་པ་ གནམ་དགུན་གྱི་ཞུགས་གནས་ སྤུ་ན་ཁ་རྫོང་ལས་ གསོལ་ཐབས་བྱོན་ཡོདཔ་ཨིན།

གཞུང་གྲྭ་ཚང་གི་དགེ་འདུནམ་ཚུ་ ཧེ་མ་བཟུམ་སྦེ་ དགུང་ཞག་སེམས་རྟོགས་ཁ་རྫོང་ནང་ མ་བཞུགས་པར་ ཕྲངམ་ཕྲང་ས་ བཀྲ་ཤིས་ཆོས་རྫོང་ནང་ བྱོན་ཡོདཔ་མ་ཚད་ མི་སྤུངས་འཛོམས་འབད་ནི་ལས་ འཛེམ་ཐབས་ལུ་ དུས་ཅི་ ལམ་བདའ་སྟེ་ ནང་རྟེན་ཚུ་ལས་ དབང་ཡང་ མ་གནང་པར་བྱོན་ཡོདཔ་ཨིན།