གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

བློན་ཆེན་གྱིས་ སྤ་རོ་རྫོང་ཁག་ནང་ཡོད་པའི་ སོ་ནམ་ལྟེ་བ་མ་འདྲཝ་ཚུ་ནང་ལས་ཕར་ གཟིགས་ཞིབ་གནང་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༣ ༢༠༢༠

༉ རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ-༡༩་ལས་བརྟེན་ ཟ་འཐུང་ཉེན་སྲུང་གི་ལྟ་བ་ལུ་ ཐོ་སྦོམ་སྦེ་རང་ཕོག་སྟེ་ཡོད་མི་དང་བསྟུན་ གནས་སྟངས་འདི་ ལེགས་ཤོམ་སྦེ་ཧ་གོ་ནི་དང་ གྲོས་བསྡུར་ཚུ་འབད་ནི་གི་དོན་ལུ་ བློན་ཆེན་གྱིས་ སྤ་རོ་རྫོང་ཁག་ནང་ཡོད་པའི་ སོ་ནམ་ལྟེ་བ་མ་འདྲཝ་ཚུ་ནང་ལས་ཕར་ གཟིགས་ཞིབ་གནང་ཡི།

བློན་ཆེན་དང་ སོ་ནམ་ལྷན་ཁག་ནང་ལས་ སྡེ་ཚན་གཅིག་གིས་ ལྟེ་བ་ཚུ་ནང་འབྱོན་བཞིན་ན་ འདི་ནང་ལཱ་འབད་མི་ འགོ་དཔོན་དང་ ལས་བྱེདཔ་ཚུ་དང་འཕྱད་གནང་སྟེ་ཡོདཔ་ཨིན།

དེ་བསྒང་ བློན་ཆེན་གྱིས་ ལས་སྡེ་ཚུ་ལུ་ རྒྱལ་ཡོངས་ཀྱི་གཙོ་རིམ་གྲུབ་ནི་དང་ ཞབས་ཏོག་རྫུས་མ་ཚུ་འཐོན་ནི་ལས་ བཀག་ནི་གི་དོན་ལུ་ ཁོང་རའི་འགན་དབང་ཚུ་ ལོག་སྟེ་རང་ བལྟ་འབད་དགོཔ་སྦེ་ བཀོད་རྒྱ་གནང་ཡི།

ད་རུང་ བློན་ཆེན་གྱིས་ དམིགས་དོན་འདི་གྲུབ་ནི་གི་དོན་ལུ་ འབྲེལ་ཡོད་ལྷན་ཁག་དང་ལས་སྡེ་ཚུ་ཡོད་མི་ སྡེ་ཚན་གཅིག་ཡང་ གཏང་འོང་ཟེར་གསུངས་གནང་ཡི།