གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

ནད་གཞི་ཀོ་ཝིཊ་ནཱའིན་ཊིན་ཐོབ་མི་ ༢༣ལུ་ལྷོད་དེ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༢ ༢༠༢༠

༉ གཟའ་སྤེནམ་ལུ་ ནད་གཞི་ཀོ་ཝིཊ་ནཱའིན་ཊིན་ཐོབ་མི་ ཨམ་སྲུ་གཉིས་བདའ་ཟུན་མི་འདི་རྩིཝ་ད་ལུ་ རྒྱལ་ཁབ་ནང་ལུ་ ནད་གཞི་ཐོབ་མི་གི་གྱངས་ཁ་འདི་ ད་རེས་ ༢༣ལུ་ལྷོད་དེ་ཡོདཔ་ཨིན།

ནད་གཞི་ཐོབ་མི་ ཨམ་སྲུ་གཉིསཔོ་འདི་ སྐྱེས་ལོ་༣༠དང་༢༨ལང་མི་གཉིས་ཨིནམ་ད་ ཁོང་གཉིས་ཆ་ར་ ཐིམ་ཕུག་ལུ་ ཟུར་བཞག་ས་ལས་ བདའ་ཟུན་ཏེ་འདུག

ནད་གཞི་ཡོདཔ་སྦེ་ཐོན་མི་ ཁོང་ཨམ་སྲུ་གཉིསཔོ་འདི་ མི་ཌལ་ཨིསཊི་ལས་ དུས་ཅི་ སྤྱི་ཟླ་༥པའི་ནང་ལུ་ རྒྱལ་ཁབ་ནང་ལུ་ལྷོད་ནུག

གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་གསུངས་མི་ནང་ ཁོང་ཨམ་སྲུ་གཉིས་འདི་ ལོག་སྟེ་རང་ བརྟག་དཔྱད་འབད་བའི་སྐབས་ ནད་གཞི་འདི་ཐོབ་སྟེ་ཡོདཔ་སྦེ་ བདའ་ཟུན་ཅི་ཟེར་ཨིན་མས།

རྒྱལ་ཁབ་ནང་ལུ་ ད་རེས་ མི་ངོམ་༢༣ལུ་ ནད་གཞི་འདི་ཐོབ་སྟེ་ཡོདཔ་སྦེ་བདའ་ཟུན་ས་ལས་ ༧འདི་ཕོ་སྐྱེས་དང་ ༡༦འདི་ཨམ་སྲུ་ཨིན་མས།

འདི་ནང་ལས་ མི་ངོམ་༦འདི་ ནད་གཞི་འདི་ལས་དྲག་སྟེ་ཡོད་རུང་ གཞན་མི་༡༧འདི་ མ་དྲག་པར་ཡོདཔ་སྦེ་བཤད་ཅི།

གསོ་བའི་བློན་པོ་གིས་གསུང་མི་ནང་ རྒྱལ་ཁབ་ནང་ལུ་ ནད་གཞི་ཀོ་ཝིཊ་ནཱའིན་ཊིན་ ཐོབ་སྟེ་ཡོདཔ་སྦེ་ཐོན་མི་ཚུ་ཡང་ མང་ཤོས་ཅིག་རང་ མི་ཌལ་ཨིསཊི་ལས་འོང་མི་ཚུ་ཡོད་ཟེར་གསུང་ཡི།

ད་ལྟོ་ཚུན་ཚོད་ ནད་གཞི་ཀོ་ཝིཊ་ནཱའིན་ཊིན་གྱི་དོན་ལུ་ བརྟག་དཔྱད་ཚར་ སྟོང་ཕྲག་༡༥མ་ལངམ་ཅིག་ འགོ་འདྲེན་འཐབ་སྟེ་ཡོདཔ་ད་ ད་རུང་ བརྟག་དཔྱད་འདི་ཡར་སེང་འགྱོ་དོ་ཡོདཔ་སྦེ་ཨིན་མས།

ད་རེས་ ཟུར་བཞག་ལྟེ་བ་ཚུ་ནང་ལས་ཕར་ མི་ངོམ་༨༦༣ཟུར་བཞག་སྟེ་ཡོད་མི་ཚུ་རྩིས་ཏེ་ ད་ལྟོ་ཚུན་ཚོད་ སྡོམ་གྱིས་མི་ངོམ་ སྟོང་ཕྲག་༦དེ་ཅིག་ ཟུར་བཞག་དགོཔ་ཐོན་ཏེ་འདུག