གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

སློབ་གྲྭ་ཕྲལ་རང་ ལོག་སྒོ་ཕྱི་ནི་གི་ཐད་ཁར་ གསོ་བའི་ལྷན་ཁག་ལས་ རྒྱབ་སྣོན་མེདཔ།

སྤྱི་ཟླ་༥ པའི་ཚེས་ ༢༢ ༢༠༢༠

༉ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་འབད་བ་ཅིན་ སློབ་གྲྭ་ཚུ་ བདུན་ཕྲག་དག་པ་ཅིག་གི་ནང་ལུ་རང་ ལོག་སྒོ་ཕྱེ་ནི་འདི་ རྒྱབ་སྣོན་མི་འབད་ཟེར་ཨིན་མས།

འདི་ཡང་ གཟའ་སྤེནམ་ལུ་ ནད་ཡམས་ཀོ་ཝིཊ་ནཱའིན་ཊིན་གྱི་ཐད་ཁར་ གནས་ཚུལ་ཞལ་འཛོམས་ཚོགས་པའི་སྐབས་ལུ་ གསུང་སྟེ་ཡོདཔ་ཨིན།

བློན་པོ་གིས་གསུང་མི་ནང་ སློབ་གྲྭ་སྒོ་ཕྱི་དགོ་པ་ཅིན་ རྒྱ་གར་གྱི་གནས་སྟངས་དང་ གཞན་མི་ རྒྱལ་སྤྱི་གི་གནས་སྟངས་ཚུ་ཡང་ བལྟ་དགོཔ་ཡོད་ཟེར་གསུང་ཡི།

ཨིན་རུང་ ག་དེ་ཅིག་འབད་ སློབ་གྲྭ་འདི་ཚུ་ སྒོ་ཕྱི་ནི་ཨིན་པ་ཅིན་ འདི་གི་དོན་ལུ་ གསོ་བའི་ལྷན་ཁག་གིས་ ཉེན་ཁ་གི་བརྟག་ཞིབ་ཚུ་འབད་ཞིན་ན་ ཐབས་ལམ་ཚུ་ཡང་ བཏོན་ཏེ་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ གསོ་བའི་ལྷན་ཁག་གིས་ སློབ་གྲྭ་ཚུ་ལོག་འགོ་ཕྱི་ནི་གི་དོན་ལས་ ཁག་ཆེ་བའི་ཐོན་སྐྱེད་ཚུ་བཙུག་དགོཔ་སྦེ་ཡང་སླབ་སྟེ་ཡོདཔ་ཨིན་མས།

སྤྱི་ཚོགས་ཀྱི་ ནད་ཡམས་ཀོ་ཝིཊ་ནཱའིན་ཊིན་ལུ་ གདོང་ལེན་དང་གྲ་སྒྲིག་གྱི་ཚོང་ཆུང་གིས་རང་འབད་རུང་ སློབ་གྲྭ་སྒོ་ཕྱི་ནི་འདི་ སྟབས་མ་བདེཝ་སྦེ་རང་ འཚོར་ཏེ་ཡོདཔ་སྦེ་ཨིན་མས།

ཚོགས་ཆུང་འདི་གི་ཁྲི་འཛིན་ རྡོ་རྗེ་དབང་འདུས་ཀྱིས་སླབ་མི་ནང་ གནད་དོན་འདི་གི་སྐོར་ལས་ ཚོགས་ཆུང་གིས་ ད་ས་དྲོ་པ་ཁ་སླབ་པའི་སྐབས་ མང་ཤོས་ཅིག་གིས་རང་ ད་རེས་ནངས་པ་རང་ སློབ་གྲྭ་ལོག་སྒོ་ཕྱི་ནི་ལུ་ ངོས་ལེན་མེདཔ་སྦེ་ ཁ་འཆམ་འབྱུང་སྟེ་ཡོད་ཟེར་བཤད་ཅི།

ཤེས་རིག་ལྷན་ཁག་ལུ་ སློབ་གྲྭ་སྒོ་ཕྱི་ནི་གི་དོན་ལུ་ གྲ་སྒྲིག་ཚུ་འབད་དགོཔ་སྦེ་སླབ་སྟེ་ཡོད་རུང་ སློབ་གྲྭ་ག་རའི་ནང་ལུ་  འཐུང་ཆུ་དང་ ལགཔ་ཁྱུ་ནི་གི་མཐུན་རྐྱེན་ཚུ་འོང་དགོཔ་སྦེ་ཨིན་མས།