གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

ཀོ་ཝིཊ་ནཱའིན་ཊིན་གི་གདོང་ལེན་ལུ་ མི་སེར་སོ་ནམ་གཅིག་གི་རྒྱབ་སྐྱོར།

སྤྱི་ཟླ་༥ པའི་ཚེས་ ༢༢ ༢༠༢༠

༉ རྒྱལ་ཁབ་ནང་ལུ་ ནད་ཡམས་ཀོ་ཝིཊ་ནཱའིན་ཊིན་ཐོན་པའི་ཤུལ་ ཚོང་འབྲེལ་འཐབ་མི་ མང་ཤོས་ཅིག་གིས་རང་ ཁོང་གི་འོང་འབབ་ལུ་ ཐོ་ཕོག་སྟེ་ཡོདཔ་སྦེ་ བཀོད་དེ་ཡོདཔ་ཨིན།

འདི་འབདཝ་ལས་ ཁོང་ལ་ལུ་ཅིག་གིས་ གཞུང་གི་རྒྱབ་སྐྱོར་གྱི་དོན་ལུ་ཞུ་བ་འབད་དེ་ཡོད་རུང་ ལ་ལུ་ཅིག་གིས་ ད་རེས་ རྒྱལ་ཁབ་ ནང་ལུ་ སྟབས་མ་བདེཝ་ཐོན་སྡོད་པའི་སྐབས་ ཁོང་གིས་ཁ་ཐུག་ལས་ཡང་ ཆ་རོགས་འབད་དགོ་ཟེར་ གདོང་ཁར་ཐོན་ཏེ་ཡོདཔ་ཨིན།

འདི་བཟུམ་འབད་མི་ཅིག་འདི་ རྩི་རང་རྫོང་ཁག་ རྩི་རང་སྟོད་རྒེད་འོག་ནང་ལས་ སཱན་མཱན་སུ་བྷ་ཨིནམ་ད་ ཁོ་གིས་ གཞུང་ལུ་ འདབ་མ་ཀོ་པི་ཊན་༨དེ་ཅིག་ཕུལ་ནུག

ཁོ་གིས་སླབ་མི་ནང་ ཁོ་ར་མི་སེར་སོ་ནམ་པ་ཅིག་འབདཝ་ལས་ རྒྱལ་ཁབ་ལཱ་ཁག་བཏང་སྡོད་པའི་སྐབས་ རྒྱབ་སྐྱོར་གཞན་འབད་ཐབས་མེད་ནི་འདི་གིས་ འདབ་མ་ཀོ་པི་ཚུ་ ཕུལ་དོ་ཟེར་བཤད་ཅི།

འདབ་མ་ཀོ་པི་ཚུ་ཡང་ ཐིམ་ཕུག་ལུ་བསྐྱལ་ཞིན་ན་ ཟུར་བཞག་ལྟེ་བ་ནང་ལས་ཕར་ བཀྲམ་དོ་ཡོདཔ་ཨིན་མས།

ཁོ་གིས་ གཞུང་ལུ་ འདབ་མ་ཀོ་པི་ཚར་༣ཕུལ་ཡོདཔ་ད་ ད་རེས་ ཊན་ཕྱད་ད་༣དེ་ཅིག་ཕུལ་མི་འདི་ ཁོ་གི་ཧོངས་ལས་ རྒྱབ་སྐྱོར་མཇུག་ཨིནམ་སྦེ་བཤད་ཅི།

སཱན་མཱན་གྱིས་ ཚོད་བསྲེ་ཚར་གཉིས་འདི་ ཁོ་ར་གིས་རང་ བསྐྱེལ་ཡོདཔ་ཨིན་རུང་ ཤུལ་ལས་ རྩི་རང་ལུ་ཡོད་པའི་ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་འགོ་དཔོན་ཚུ་གིས་ མི་མང་སྐྱེལ་འདྲེན་གྱི་ནང་ལུ་བཏང་ནི་ནང་ ཆ་རོགས་འབད་དེ་འདུག