གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

མཱའུ་གཙང་ཆུ་གི་ཕ་ཁར་ རྒྱལ་སྲུང་ལས་འགུལ་གྱི་ འགྱུར་བ་འབག་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༢ ༢༠༢༠

༉ གསར་སྤང་རྫོང་ཁག་ མཱའུ་གཙང་ཆུ་གི་ཕ་ཁར་ཡོད་པའི་ རྒེད་འོག་ ༤ གི་མི་སྡེ་ནང་ རྒྱལ་སྲུང་གི་ལས་འགུལ་ལས་བརྟེན་པའི་ ཡར་རྒྱས་ཀྱི་འགྱུར་བ་ཚུ་ ད་ལྟོ་ལས་རང་ འགྱོ་སར་མཐོངམ་ཨིན་མས།

མི་སྡེ་འདི་ནང་ འགྱུར་བ་ཚུ་གི་གྲལ་ལས་ གཅིག་ དགེ་འོག་ལྟེ་བའི་ལམ་རྒྱ་སྐྱེད་དང་ ཉམས་བཅོས་འབད་མི་འདི་ཨིནམ་ད་ འདི་ཡང་ རྟ་རས་ཐང་རྒེད་འོག་འདི་ རྒྱལ་སྲུང་སྦྱོང་བརྡར་ལྟེ་བ་རྐྱབ་སའི་ས་གནས་ཅིག་སྦེ་ ངོས་འཛིན་འབད་དེ་ཡོདཔ་ཨིན་མས།

ལམ་སེལ་ལས་ཁུངས་ཀྱིས་ དུས་ཅི་ ལོ་འགོ་བཙུགས་ཁམས་ཁ་ལས་ གསེར་གཞོང་ལས་ རྟ་རས་ཐང་རྒེད་འོག་ཚུན་ཚོད་ ལམ་རྒྱ་སྐྱེད་དང་ ཉམས་བཅོས་ཀྱི་ལཱ་ཚུ་འབད་ནི་ འགོ་བཙུགས་ཏེ་འདུག

ཆུ་ཟངས་སྒང་དང་གསེར་གཞོང་ དེ་ལས་ རྟ་རས་ཐང་དང་ ཨུམ་གླིང་རྒེད་འོག་གི་མི་སེར་ཚུ་གི་དོན་ལུ་ བློ་གཏད་ཚུགས་པའི་འཁོར་ལམ་གཅིག་དགོཔ་འཐོན་ཏེ་ ད་རེས་འབདཝ་ད་ ལོ་ཧ་ལམ་ཅིག་འགྱོ་ཡོདཔ་ཨིན་མས།

འདི་ཡང་ ཁོང་ཆ་ཁྱབ་ཀྱིས་ དམིགས་བསལ་གྱིས་རང་ གནམ་བྱཱར་ ཆར་ཆུ་འབོལ་བའི་དུས་ཚོད་ཁར་ རྒྱལ་ཁབ་ཀྱི་གཞན་མི་ས་གནས་ཚུ་དང་གཅིག་ཁར་ འབྲེལ་འཐབ་མ་ཚུགས་པའི་སྐོར་ལས་ ཉོགས་བཤད་ཚུ་བཀོད་དེ་རང་ཡོདཔ་ཨིན་མས།

ཨིན་རུང་ ས་གནས་འདི་ནང་གི་མི་སེར་ཚུ་གིས་ རྒྱལ་སྲུང་གི་ལས་འགུལ་ལས་བརྟེན་ ཁོང་རའི་མི་སྡེའི་དཔལ་འབྱོར་གྱི་གནས་སྟངས་ཚུ་ ཡར་དྲག་གཏང་ནི་ནང་ལུ་ཡང་ བལྟ་བའི་བསྒང་རང་འདུག

ད་རེས་ མཱའུ་གཙང་ཆུ་གི་ཕ་ཁར་ མི་རློབས་སྟོང་ཕྲག་ ༡༠ ལྷགཔ་ཅིག་ ཡོདཔ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ ཀརྨ་དབང་འདུས།

གསར་སྤང་།