གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

སྤ་རོ་ འབྲུག་རྒྱལ་ལུ་ སྣུམ་འཁོར་བཱོ་ལེ་རོ་ཅིག་གིས་ ཨམ་སྲུ་ཅིག་འཐུ་བཀོག་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༡༨ ༢༠༢༠

༉ སྤ་རོ་རྫོང་ཁག་ ས་གནས་འབྲུག་རྒྱལ་གྱི་སྦོ་ལོགས་ཁར་ གཟའ་ཉིམ་གི་ཕྱི་རུ་ཆུ་ཚོད་ ༤ དེ་ཅིག་ཁར་ སྣུམ་འཁོར་བཱོ་ལི་རོ་ཅིག་གིས་ སྐྱེས་ལོ་ ༤༢ ལང་མི་ཨམ་སྲུ་ཅིག་ འཐུ་བཀོ་བའི་ཤུལ་མ་ ཤི་རྐྱེན་འབྱུང་ནུག

ཉམས་རྒུདཔ་ཨམ་སྲུ་འདི་ འདི་འཕྲོ་ལས་རང་ སྨན་ཁག་ནང་བསྐྱལ་ཡོདཔ་ཨིན་རུང་ རྨ་སྐྱོན་སྦོམ་སྦེ་རང་འབྱུང་སྟེ་ཡོདཔ་ལས་ སྨན་ཁང་ནང་ལྷོདཔ་ཅིག་རང་ གྱོང་སོངཔ་ཨིན་པས།

ཚེ་འདས་ཨམ་སྲུ་འདི་ སྤ་རོ་རྫོང་ཁག་ནང་ཡོད་པའི་ སློབ་གྲྭ་གཅིག་ནང་ སློབ་དཔོན་སྦེ་ཕྱག་ཞུ་མི་གཅིག་ཨིན་པས།

རྐྱེན་ངན་འདི་འབྱུང་པའི་སྐབས་ སྐྱེས་ལོ་ ༣༢ ལང་མི་དེད་གཡོགཔ་འདི་གིས་ སྣུམ་འཁོར་འདི་ ཆང་འཐུང་སྟེ་བཏང་ཡོད་པའི་ཁར་ ཁོ་ལུ་ སྣུམ་འཁོར་ཆེ་བ་གཏང་ཆོག་པའི་ ཆོག་ཐམ་རྐྱངམ་ཅིག་ཡོདཔ་ཨིན་པས།

ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ནང་ལས་ཨིན་མི་ དེད་གཡོགཔ་འདི་ ད་རེས་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་བཞག་སྟེ་ཡོདཔ་ད་ གནད་དོན་འདི་གི་ཐད་ཁར་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་རང་འདུག