གཟའ་ལྷག་པ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༤

འབྲུག་ཚོང་འབྲེལ་ལས་འཛིན་གྱི་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་ དགོངས་ཞུ་འབད་བཅུག་སྟེ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༡༨ ༢༠༢༠

༉ འབྲུག་ཚོང་འབྲེལ་ལས་འཛིན་གྱི་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་འདི་ འདོད་སྤྱོད་ཀྱི་གནོད་འཚེ་འབད་བའི་ གནད་དོན་ལུ་བརྟེན་ གཟའ་མིག་དམར་གྱི་ཚེ་ དགོངས་ཞུ་འབད་བཅུག་སྟེ་ཡོདཔ་ཨིན་མས།

ལས་འཛིན་འདི་དང་འཁྲིལཝ་ད་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་འདི་གིས་ ལས་འཛིན་འདི་ནང་གི་ ལས་བྱེདཔ་ཨམ་སྲུ་དག་པ་ཅིག་ལུ་ འདོད་སྤྱོད་ཀྱི་གནོད་འཚེ་འབད་ཡོདཔ་སྦེ་ཨིན་མས།

གནད་དོན་འདི་གི་སྐོར་ལས་ ཉམས་རྒུདཔ་ཨམ་སྲུ་ཚུ་གིས་ ཡིག་ཐོག་ལུ་སྦེ་ ཉོགས་བཤད་བཀོད་ནུག

ཞིབ་དཔྱད་འབད་བའི་ཤུལ་ལུ་ ལས་འཛིན་འདི་གི་ བཀོད་ཚོགས་ཀྱིས་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་འདི་ ལས་འཛིན་གྱི་ ལམ་ལུགས་དང་སྒྲིགས་གཞི་༢༠༡༨་ཅན་མ་དང་འཁྲིལ་ དགོངས་ཞུ་འབད་བཅུག་སྟེ་ཡོདཔ་ཨིན་མས།

བཀོད་ཚོགས་ཀྱིས་གྲོས་ཐག་བཅད་དེ་ཡོད་མི་ལུ་ བཀོད་ཁྱབ་འགོ་དཔོན་གཙོ་འཛིན་གྱི་ ངོས་ལེན་འབད་ཞིནམ་ལས་ ད་ལས་ཕར་ ཐོ་གཏུགས་འབད་ནིའི་ མནོ་བསམ་ཡང་མེད་ཟེར་ཨིན་མས།

བཀོད་ཁྱབ་འགོ་དཔོན་གཙོ་འཛིན་འདི་ ལས་འཛིན་ནང་འཛུལ་ཏེ་ ཟླཝ་༨་སོང་ཡོདཔ་ཨིན་མས།