གཟའ་པ་སངས། ༢༠༡༩ ཟླ་༡༢ པའི་སྤྱི་ཚེས་༡༢

དཔལ་འབྱོར་གོང་འཕེལ་བཏང་ཐབས་ལུ་ དར་དཀརཔོ་སོ་ནམ་དུས་སྟོན་ འགོ་འདྲེན་འཐབ་པའི་བསྒང་།

སྤྱི་ཟླ་༡༡ པའི་ཚེས་ ༡༢ ༢༠༡༩

༉ དར་དཀར་ན་རྫོང་ཁག་གིས་ ཟ་འཐུང་ཉེན་སྲུང་གི་ཐད་ཁར་ རང་མགོ་རང་འདྲོངས་སྒྲུབ་ནི་དང་ དཔལ་འབྱོར་གོང་འཕེལ་བཏང་ནི་གི་དོན་ལུ་ དར་དཀརཔོ་སོ་ནམ་དུས་སྟོན་ ཐེངས་དང་པ་འདི་ ད་རིས་ སྒོ་ཕྱི་ནུག

འདི་བསྒང་ རྫོང་ཁག་འདི་ནང་ལས་འཐོན་པའི་ སོ་ནམ་དང་སྒོ་ནོར་གྱི་ཐོན་སྐྱེད་མ་འདྲཝ་ཚུ་ གསལ་སྟོན་འབད་ཡི།

ཉིནམ་༢་ཀྱི་དུས་སྟོན་ལས་རིམ་འདི་ཡང་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་ཚོགས་པའི་སྐབས་ལུ་ རྫོང་ཁག་འདི་ནང་གི་ དཔལ་འབྱོར་གོང་འཕེལ་འགོ་དཔོན་ ཚེ་རིང་དངོས་གྲུབ་ཀྱིས་ གྲོས་འཆར་ཕུལཝ་ཞིན་དུ་ འགོ་འདྲེན་འཐབ་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་མས།

འདི་ཡང་ ཁོ་གིས་བཀོད་མི་ནང་ རྫོང་ཁག་འདི་ནང་གི་དཔལ་འབྱོར་གོང་འཕེལ་གྱི་གནས་ཚད་འདི་ རྒྱལ་ཡོངས་ཀྱི་གནས་ཚད་ཁར་ བཟོ་ནི་གི་དོན་ལུ་ཨིནམ་སྦེ་བཤད་ཅི།

རྒྱལ་ཡོངས་ཁྱིམ་དང་མི་འབོར་གྲངས་རྩིའི་སྙན་ཞུ་༢༠༡༧་ཅན་མའི་ནང་ལུ་ དར་དཀར་ན་རྫོང་ཁག་འདི་ རྒྱལ་ཁབ་ནང་ལུ་ རྫོང་ཁག་༢༠་གི་གྲལ་ལས་ རྫོང་ཁག་སྐྱོ་ཤོས་ཅིག་སྦེ་ གསལ་སྟོན་བྱུང་སྟེ་སྦེ་འདུག

འདི་ཡང་ དབུལ་འཕོངས་བརྟག་ཞིབ་ཀྱི་སྙན་ཞུ་༢༠༡༧་ཅན་མ་དང་འཁྲིལཔ་ད་ རྫོང་ཁག་འདི་ནང་ལུ་ དབུལ་འཕོངས་ཀྱི་གནས་ཚད་ བརྒྱ་ཆ་༣༣་ལྷགཔ་ཅིག་ཡོདཔ་སྦེ་ཨིན་མས།