གཟའ་པ་སངས། ༢༠༡༩ ཟླ་༡༢ པའི་སྤྱི་ཚེས་༡༢

མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་ཆེན་གྱི་གུས་བཏུད་ལུ་ མཆོད་མེ་ཕུལ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༡༢ ༢༠༡༩

༉ མི་དབང་འབྲུག་རྒྱལ་༤་པ་ དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་ གུང་ལོ་༦༤་བཞེས་པའི་ འཁྲུངས་སྐར་དུས་ཆེན་གྱི་གུས་བཏུད་ལུ་ མི་དབང་རྒྱལ་ཡུམ་ ཚེ་རིང་པདྨོ་དབང་ཕྱུག་མཆོག་གིས་ ཐིམ་ཕུག་དགོངས་རྫོགས་མཆོད་རྟེན་ནང་ལུ་སྦེ་ མཆོད་མེ་ཕུལ་གནང་ཡི།

མཆོད་མེ་ཕུལ་གནང་ས་ལུ་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ ཆེ་མཐོའི་དཔོན་ཁག་ཚུ་གིས་ཡང་ གྲལ་བཞུགས་གནང་ནུག

འདི་བཟུམ་སྦེ་ མི་དབང་མཆོག་གི་ འཁྲུངས་སྐར་དུས་ཆེན་གྱི་གུས་བཏུད་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བ་གིས་ འགོ་འདྲེན་འཐབ་ཞིན་ན་ དགོངས་རྫོགས་མཆོད་རྟེན་ནང་ ཉིནམ་༡་གི་རིང་ལུ་ སྨོན་ལམ་གནང་ཡོདཔ་མ་ཚད་ རྒྱལ་ཡོངས་དགའ་སྐྱིད་ཀྱི་ཉིནམ་ ཐེངས་༤་པ་འདི་ཡང་ བརྩི་སྲུང་འབད་ཡི།