གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

དབང་བཙོང་དང་འདོད་སྤྱོད་ཀྱི་ གནོད་འཚེ་འབད་ཡོད་པའི་ ཉེས་པ་ལས་བརྟེན་ཏེ་ལོ་༢༠་གི་བཙོན་ཁྲིམས།

སྤྱི་ཟླ་༡༠ པའི་ཚེས་ ༣ ༢༠༡༩

༉ གསར་སྤང་རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ སྐྱེས་ལོ་༣༡ལང་མི་སློབ་དཔོན་གཅིག་ལུ་ ཨ་ལུ་ལུ་ དབང་བཙོང་དང་འདོད་སྤྱོད་ཀྱི་གནོད་འཚེ་འབད་ཡོད་པའི་ཉེས་པ་ལས་བརྟེན་ཏེ་ བཙོན་ཁྲིམས་ལོ་ངོ་༢༠གི་འཁྲུན་ཆོད་བཏོན་ཏེ་འདུག

འདི་འབདཝ་ལས་ དྲུང་ཁག་ཁྲིམས་ཀྱི་འདུན་ས་ལས་བཏོན་མི་འཁྲུན་ཆོད་དང་ཕྱདཔ་ད་ བཙོན་ཁྲིམས་འདི་ ད་རེས་ ཡར་སེང་འགྱོ་སྟེ་ཡོདཔ་ཨིན།

དགེ་ལེགས་ཕུག་དྲུང་ཁག་ཁྲིམས་ཀྱི་འདུན་ས་གིས་ དང་ཞག་ སློབ་དཔོན་འདི་གིས་ སློབ་ཕྲུག་བུམོ་༦ལུ་ འདོད་སྤྱོད་གནོད་འཚེ་འབད་ཡོད་པའི་ཉེས་པ་ལུ་བརྟེན་ བཙོན་ཁྲིམས་ལོ་ཕྱད་ད་༥གི་བཙོན་ཁྲིམས་བཏོན་ཏེ་ཡོདཔ་ཨིན།

བྱ་ངན་འདི་ཡང་ སྤྱི་ལོ་༢༠༡༧ལུ་ བྱུང་ཡོདཔ་ཨིན་མས།

འཁྲུན་ཆོད་འདི་དང་འཁྲིལ་བ་ཅིན་ ཉེས་ཅན་སློབ་དཔོན་འདི་གིས་ བུམོ་འདི་ཚུ་ལུ་ རྒུད་འཐུས་དངུལ་ཀྲམ་སྟོང་ཕྲག་༨༠མ་ལངམ་ཅིག་ཡང་ སྤྲོད་དགོཔ་སྦེ་འཁོད་དེ་ཡོདཔ་ཨིན།