གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

སྤ་རོ་ ན་རྒྱ་རྒེད་འོག་གི་ སྦུ་ཏི་ཁ་གཡུས་ཚན་ནང་ལུ་ ནོར་༧ བསད་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣ ༢༠༡༩

༉ སྤ་རོ་ ན་རྒྱ་རྒེད་འོག་གི་ སྦུ་ཏི་ཁ་གཡུས་ཚན་ནང་ལུ་ གཟའ་མིག་དམར་གྱི་ཚེ་ གཅན་གཟན་དོམ་གྱིས་ བ་༧བསད་ཡོདཔ་མ་ཚད་ གཞན་མི་བ་༣ཡང་ ནདཔ་བཏོན་ཏེ་འདུག

ནགས་ཚལ་འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ དོམ་གྱིས་ དེ་སྦེ་གནོདཔ་བཀལ་མི་འདི་ ད་རེས་ ཨ་པཱལ་གྱི་དུས་ཚོད་འབད་བའི་ཁར་ དོམ་འདི་ཚུ་ གཡུས་བལྟ་འོང་ནི་གི་དུས་ཚོད་ཅིག་ཡང་ འབད་ནི་འདི་གིས་ཨིན་མས་ཟེར་བཤད་ཅི།

ད་རུང་ ཁོང་གིས་འབད་བ་ཅིན་ ནོར་འདི་ཚུ་ ཚལ་མ་ནང་ལས་ཕར་ དེ་སྦེ་རང་བཏང་བཞག་མི་འདི་གིས་ཡང་ དོམ་གྱིས་ གནོདཔ་བཀལ་ནི་གི་ཉེན་ཁ་ཆེ་དོ་ཡོདཔ་ལས་ ཉེན་སྲུང་གི་དོན་ལུ་ ཨོ་ཁང་ནང་ལུ་རང་བཞག་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་མས།

སྤ་རོ་གི་ནགས་ཚལ་ལས་ཚན་གྱིས་ ནོ་བསད་ཡོད་པའི་སྙན་ཞུ་ལྷོད་པའི་ཤུལ་ལས་རང་ མི་སེར་སོ་ནམ་པ་ཚུ་ལུ་རྒྱབ་སྐྱོར་འབད་ནི་གི་དོན་ལུ་ སྡེ་ཚན་གཅིག་བཏང་སྟེ་འདུག