གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

འབྲུག་པའི་རྐང་རྩེདཔ་ཚུ་གིས་ བྷང་ལ་དེཤ་ལས་ཕམ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༣ ༢༠༡༩

༉ སྐྱེ་ལོ་༡༦་མེན་ཆད་ཀྱི་ སྤྱི་ལོ་༢༠༢༠་ལོའི་ ཨེ་ཨེཕ་སི་གོ་སྐབས་ རྐང་རྩེད་འགྲན་བསྡུར་ནང་ལས་ འབྲུག་པའི་སྡེ་ཚན་འདི་ བྷང་ལ་དེཤ་ལས་ ཕམ་པའི་ཤུལ་མ་ རྩེད་འགྲན་འབད་ནི་གི་ གོ་སྐབས་ལེན་མ་ཚུགས་པར་འདུག

འདི་ཡང་ བྷང་ལ་དེཤ་གིས་ འབྲུག་པའི་སྡེ་ཚན་ལུ་ གཱོལ་༣་བཙུགས་ཡོདཔ་ཨིན་རུང་ འབྲུག་པའི་སྡེ་ཚན་གྱིས་ གཱོལ་༡་ཡང་བཙུགས་མ་ཚུགསཔ་ཨིན་མས།

སྡེ་ཚན་ཅ་པའི་ནང་ལས་ འབྲུག་པའི་སྡེ་ཚན་འདི་ རྩེད་འགྲན་ཚར་༢་ཕམ་སོངཔ་ལས་ གནས་རིམ་དམའ་ཤོས་ཀྱི་གྲལ་ཁར་ཚུད་དེ་ཡོདཔ་ཨིན་མས།

འདི་དང་གཅིག་ཁར་ འབྲུག་པའི་སྡེ་ཚན་གྱིས་ རྩེད་འགྲན་མཇུག་འདི་རང་ ཀཱ་ཊར་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིན་མས།