གཟའ་མིག་དམར། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༡༦

ཨུམ་གླིང་རྒེད་འོག་ལྟེ་བའི་ལམ་ ཀི་ལོ་མི་ཊར་༧་ལྷགཔ་ཅིག་འདི་ སེལ་ཚརཝ་ཅིག་ར་ ཉམས་བཅོས་འབད་རན་ཏེ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༡༡ ༢༠༡༩

༉གསརར་སྤང་རྫོང༌ཁག༌ནང༌ལུ༌ཡོད༌པའི༌     སྟག་ལའི་ཟམ་ཁ་ཐུག་   ཀི་ལོ་མི་ཊར་༧་ལྷགཔ་ཅིག་འབད་མི་ ཨུམ་གླིང་རྒེད་འོག་ལྟེ་བའི་ལམ་འདི་ ལོག་ཕྲང་སྟེ་སེལ་ཚར་བའི་ཤུལ་ལུ་ ཟླཝ་༣་གྱི་ནང་འཁོད་ར་ ཉམས་བཅོས་འབད་རན་ཏེ་འདུག

འཁོར༌ལམ༌འདི༌ཡང༌སེལ༌ཚརཝ༌ཅིག༌རང༌ཆརཔ༌ཤུགས༌སྦེ༌རང༌རྐྱབ༌མི༌འདི༌གིས༌ས༌སྒོ༌ཁག༌དག༌པ༌ཅིག༌གི༌ནང༌ལུ༌རང༌ཆ༌ཤེས༌རེ༌ འཕྱག༌འབག༌སྟེ༌ཡོདཔ༌མ༌ཚད༌རྩི༌ནག༌ཚུ༌ཡང༌སྦོག༌འགྱོ༌དོ༌ཡོདཔ༌ཨིན༌མས།

འདི༌འབདཝ༌ལས༌མི་ཚུ༌གིས༌སླབ༌མི༌ནང༌ལམ༌དེ༌སྦེ༌མེདཔ་ཐལ༌མི་འདི༌གིས༌རྒྱུན༌འགྲུལ༌འཐབ༌ནི༌ནང༌སྟབས༌མ༌བདེཝ་བཟོ་སྟེ་ཡོདཔ་མ་ཚད་   ཉེན་ཁ་ཡང་འདུག་ཟེར་བཤད་ཅི།

གནད་དོན་འདི་ ཨུམ་གླིང་རྒཔོ་གིས་ ཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་ཚོགས་པའི་སྐབས་ལུ་ཡང་ ཞུ་བ་འབད་དེ་ཡོདཔ་ཨིན།

འདི་ལུ་ གསར་སྤང་གི་ལམ་སེལ་ལས་ཁུངས་ནང་ལས་ བཟོ་རིག་བཀོད་ཁྱབ་གཙོ་འཛིན་ སི་བྷི་མོང་གཱར་གྱིས་སླབ་མི་ནང་ ད་ལྟོའི་བར་ན་ཡང་ ས་ཆགས་མ་ལེན་པར་ཡོདཔ་ལས་ འཁོར་ལམ་ཉམས་བཅོས་ཀྱི་ལཱ་འདི་ ད་རེས་འབད་བ་ཅིན་ མི་དམངས་ཀྱི་ཐོན་སྐྱེད་ཚུ་ འཕྲོ་བརླག་འགྱོ་ནི་ཨིནམ་ལས་ གནམ་དགུན་ལུ་ འགོ་འདྲེན་འཐབ་ནི་སྦེ་ བཞག་ཡི་ཟེར་ཨིན་མས།

སྟེ་     འཁོར་ལམ་འདི་ཡང་    ལམ་སེལ་ལས་ཁུངས་ཀྱིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༥༥བཏང་ཞིན་ན་  སེལ་ཡོདཔ་ཨིན་མས།