གཟའ་ཉི་མ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༡

སོ་ནམ་ཞིང་ལམ་འདི་ རྒེད་འོག་ལྟེ་བའི་ལམ་དང་མཐུད་དེ་ སེལ་བའི་བསྒང་ཡོདཔ་ལས་ མི་སེར་ཚུ་ལུ་ཚ་གྱང་།

སྤྱི་ཟླ་༨ པའི་ཚེས་ ༢༢ ༢༠༡༩

༉ ཆུ༌ཁ༌ གད༌སྟག༌ན༌རྒེད༌འོག༌གི༌ དར༌ག༌དང༌བཀྲིས༌སྒང༌གཡུས༌ཚན༌གྱི༌དོན༌ལུ༌ སོ༌ནམ༌ཞིང༌ལམ༌སེལ༌ནི༌གི༌ལཱ༌འགོ༌བཙུགས༌ཏེ༌ཡོད༌མི༌ལུ༌ མི་སེར༌ཚུ༌ སེམས༌དགའ༌སྟེ༌འདུག

ཨིན༌རུང༌ སོ༌ནམ༌ཞིང༌ལམ༌འདི༌ རྒེད༌འོག༌ལྟེ༌བའི༌ལམ༌དང༌མཐུད༌དགོ༌ནི༌འདི༌གིས༌ ད༌རེས༌ རྒེད༌འོག༌ལྟེ༌བའི༌འཁོར༌ལམ༌འདི༌ གནས་སྟངས་ལེགས་ཤོམ་མེདཔ་ལས་ ཚ༌འགྱང༌ལང༌དོ༌ཡོདཔ༌སྦེ༌བཤད༌ཅི།

ཀི་ལོ་མི་ཀྲར༌༡༣འབད༌མི༌ སོ༌ནམ༌ཞིང༌ལམ༌འདི༌གིས༌ གཡུས་ཚན་འདི་༢་ཀྱི་ ཁྱིམ་གུང་པ་༤༠་ལྷགཔ་ཅིག་ལུ་ ཕན་ཐོགས་འབྱུང་ནི་ཨིན་མས།

འདི་འབདཝ་ལས་ གཡུས་ཚན་འདི་ནང་གི་མི་སེར་ཚུ་གིས་སླབ་མི་ནང་ ལམ༌སེལ་ཚར་བའི་བསྒང་ལས་ ཁོང་ཆ་ཁྱབ་ ད་རེས་བཟུམ་སྦེ་ གཡུས་ཁར་ལྷོད༌ལྷོད༌ ཉིནམ་༢་དེ་ཅིག་གི་རིང་ལུ་ རྐང༌སྟོང༌སྦེ༌ འགྱོ༌མི༌དགོཔ་མི་འཐོན་ནི་ཨིནམ་ལས་ སེམས༌དགའ༌སྟེ༌ཡོདཔ་སྦེ་བཤད་ཅི།

ད་རུང་ ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ སོ༌ནམ༌ཞིང༌ལམ༌འདི་ ལེགས༌ཤོམ༌སྦེ༌ལག༌ལེན༌འཐབ༌དགོ༌པ༌ཅིན་ རྒེད་འོག་ལྟེ་བའི་ལམ་གྱི་གནས་སྟངས་འདི་ར་ ལེགས༌ཤོམ༌དགོཔ་འདུག་ཟེར་ཨིན་མས།

མི༌ཚུ༌གིས༌སླབ༌མི༌ནང༌ རྒེད༌འོག༌ལྟེ༌བའི༌ལམ༌འདི༌ རྩི༌ནག༌མ༌བཏང༌པར༌ཡོདཔ༌མ༌ཚད༌ ཉམས༌བཅོས༌ཡང༌མ༌འབད༌བར༌ཡོདཔ་ལས་གནས་སྟངས་ལེགས་ཤོམ་བཟོ༌ཞིན༌ན༌ འཁོར༌ལམ༌གྱི༌ཟུར༌ཁ༌ལས༌ཕར༌ཡང༌ གཡུར༌བ༌ཚུ༌ སེལ༌དགོཔ༌ཡོདཔ་སྦེ་ཨིན༌མས།

འཁོར༌ལམ༌འདི༌གི༌སྐོར༌ལས༌ ཕྲལ༌ཁམས༌ཅིག༌ཁར༌ རྫོང༌ཁག༌ཚོགས༌འདུ༌ཚོགས༌པའི༌སྐབས༌ལུ༌ཡང༌ གྲོས༌གཞི༌ཅིག༌སྦེ༌ གསུང༌གྲོས༌འབྱུང༌སྟེེ༌འདུག

འདི་བསྒང་ གད༌སྟག༌ན༌རྒཔོ་ ཀུན་ལེགས་ཀྱིས་བཀོད་མི་ནང་ རྒེད་འོག་ལྟེ་བའི་ལམ་འདི་ར་ ལེགས་ཤོམ་མེད་པ་ཅིན་ མི་སེར་ཚུ་ལུ་ ཕན་ཐོགས་ཅིག་འབྱུང་མི་ཚུགས་ཟེར་ཨིན་མས།

ད་རུང་རྒཔོ་གིས་སླབ་མི་ནང་ སོ་ནམ་ཞིང་ལམ་འདི་ རྒེད་འོག་ལྟེ་བའི་ལམ་ཕྲང་སྟེ་སེལ་བ་ཅིན་ ལམ་ཀི་ལོ་མི་ཊར་༡༠་དང་༡༥་དེ་ཅིག་གི་རྩིས་ ཐུང་ཀུ་འགྱོ་ནི་ཨིནམ་མ་ཚད་ རུད་སྦོམ་སྦེ་རང་ ཆད་སའི་ས་གོ་ཁག་༤་དེ་ཅིག་ལས་ཡང་ ཟུར་ཚུགས་ནི་ཨིནམ་ལས་ མི་ཚུ་དང་གཅིག་ཁར་ བསྟུན་གྲོས་འབད་ཞིན་ན་ འགྲོས་འཆར་དེ་སྦེ་ འབྱུང་ཡོདཔ་སྦེ་བཤད་ཅི།

འདི་ལུ་ རྫོང༌ཁག༌བདག༌སྐྱོང༌གིས རྒེད༌འོག༌ལྟེ༌བའི༌ལམ༌འདི༌ འཕྲལ་ཁམས་གཅིག་ལས་ ལམ་སེལ་ལས་ཁུངས་ནང་ལས་ རྩིས་ལེན་ཏེ་ཡོདཔ་ལས་ མགྱོགས༌པ༌རང་ ཉམས༌བཅོས༌འབད༌དེ་ རྩི་ནག་བཏང་ནི་གི་ མ་དངུལ་ཚུ་ཡང་འཐོབ་སྟེ་ ཡོདཔ་སྦེ་ཨིན་མས།