གཟའ་མིག་དམར། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༩

མི་སྡེ་གཞི་བཞག་གི་ཨིསི་ཀའུཊ་ལས་རིམ་ནང་ལུ་ འཛུལ་བཞུག་འབད་ཚུ་མི་ཡར་སེང་།

སྤྱི་ཟླ་༨ པའི་ཚེས་ ༡༢ ༢༠༡༩

༉ ཀྲོང་གསར་རྫོང་ཁག་ ཚང་ཁ་སློབ་གྲྭ་ལྟེ་བ་གིས་ སྤྱི་ལོ་༢༠༡༧ལུ་ མི་སྡེ་གཞི་བཞག་གི་ཨིསི་ཀའུཊ་ལས་རིམ་ཅིག་ འགོ་བཙུགས་མི་ལས་ཚུར་ ད་ལྟོ་ཚུན་ཚོད་ ཨིསི་ཀའུཊ་གི་གྱངས་ཁ་འདི་ ཡར་སེང་འགྱོ་སྟེ་རང་འདུག

འཕྲལ་ཁམས་གཅིག་ཁར་ ལས་རིམ་འདི་ནང་ལུ་ མི་༤༥་ལྷགཔ་ཅིག་གིས་འཛུལ་བཞུགས་འབད་དེ་ཡོདཔ་ལས་ ད་རེས་ རྫོང་ཁག་འདི་ནང་ལུ་ མི་སྡེ་གཞི་བཞག་གི་ཨིསི་ཀའུཊ་གི་གྱངས་ཁ་འདི་ བརྒྱ་མ་ལངམ་ཅིག་ལུ་ལྷོད་དེ་སྦེ་འདུག

འཕྲལ་ཁམས་གཅིག་ཁར་ འཐུས་མི་སྦེ་འཛུལ་མི་ཚུ་ཡང་ སློབ་གྲྭ་ནང་ལས་འཐོན་སྡོད་མི་དང་ ཚང་ཁ་དང་སྟང་སི་སྦིས་ དེ་ལས་ སྤྱན་ལྡན་སྦྱིས་གཡུས་ཚན་ནང་ལས་ རྒས་ཤོས་ཚུ་ཨིན་མས།

ཁོང་ཆ་ཁྱབ་ཀྱིས་ ཚང་ཁ་སློབ་གྲྭ་ལྟེ་བའི་སློབ་ཕྲུག་ཨིསི་ཀའིཊ་ཚུ་གི་དོན་ལུ་ ཁྲི་འདོན་མཛད་སྒོ་བརྩི་སྲུང་འབད་བའི་སྐབས་ ཁོང་རའི་མི་སྡེ་ནང་ལས་ཕར་ ཕྱག་ཕྱིད་གང་དྲག་ཞུ་ནི་ཟེར་བའི་ ཁས་བླངས་དམ་བཅའ་འབད་དེ་འདུག

ད་རུང་ ཨིསི་ཀའུཊ་གི་འཐུས་ཚུ་གིས་བཀོད་མི་ནང་ ཁོང་ཆ་ཁྱབ་ཀྱིས་ ཁས་བླངས་འབད་ནི་དང་ མི་སྡེ་གོང་འཕེལ་གྱི་ལས་སྣ་ཚུ་ནང་ གྲལ་ཁར་གཏོགས་ནི་གི་སེམས་ཤུགས་ཡོད་ནི་འདི་གིས་ འཐུས་མི་གྲངས་སུ་འཛུལ་ནི་གི་ བློ་སྟོབས་འཐོབ་ཡོདཔ་སྦེ་བཤད་ཅི།

རྒྱལ་ཁབ་ནང་ལུ་ མི་སྡེ་གཞི་བཞག་གི་ཨིསི་ཀའུཊ་ལས་རིམ་འདི་ སྤྱི་ལོ་༢༠༠༩ལུ་ འགོ་བཙུགས་ཡོདཔ་ཨིན་རུང་ ཨིསི་ཀའུཊ་གི་ལས་རིམ་འདི་ སྤྱི་ལོ་༡༩༨༠གྱ་གྲངས་ནང་ལས་རང་ སྡོད་ཡོདཔཨིན་མས།

ལས་རིམ་འདི་གིས་ མི་སྡེ་དང་གཙུག་སྡེ་ དེ་ལས་ མི་ངོ་རྐྱང་ཚུ་ལུ་ ཁས་བླངས་ཀྱི་ཞབས་ཏོག་བྱིན་ནི་ནང་ལུ་ གཙོ་རིམ་བཟུང་དོ་ཡོདཔ་ཨིན་མས།