གཟའ་མིག་དམར། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༩

ཐིམ་ཕུག་ལིག་གི་ ཨམ་སྲུའི་རྐ་རྩེད་འགྲན་བསྡུར།

སྤྱི་ཟླ་༨ པའི་ཚེས་ ༡༢ ༢༠༡༩

༉ སྤྱི་ལོ་༢༠༡༩་གི་ ཐིམ་ཕུག་ལིག་གི་ ཨམ་སྲུའི་རྐ་རྩེད་འགྲན་བསྡུར་ནང་ལས་ སཎ་རའི་ཝུ་མེཎ་ཨེཕ་སི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ནུག

སྡེ་ཚན་འདི་གིས་ མཐའ་དཔྱད་འགྲན་བསྡུར་གྱི་སྐབས་ལུ་ ཐིམ་ཕུག་སི་ཊི་ལེ་ཌིསི་ཟེར་མི་སྡེ་ཚན་འདི་ ཕམ་བཏང་ཡོདཔ་ཨིན་མས།

རྩེད་འགྲན་ལས་རིམ་འདི་ནང་ལུ་ ཐིམ་ཕུག་ནང་འཁོད་ལས་ སྡེ་ཚན་༥་གིས་གྲལ་ཁར་གཏོགས་ཅི།

སྤྱི་ལོ་༢༠༡༦་ལས་ རྩེད་འགྲན་འབད་ནི་འགོ་བཙུགས་མི་ ཐིམ་ཕུག་ཨམ་སུའི་ལིག་གི་རྐང་རྩེད་འགྲན་བསྡུར་འདི་ཡང་ རྒྱལ་ཁབ་ནང་ལུ་ ཨམ་སྲུ་ཚུ་གི་དོན་ལས་ རྐང་རྩེད་ལིག་གི་རྩེད་འགྲན་ འགོ་དང་པ་ཨིན་མས།