གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༢༡

གཞལ་སྒང་ལུ་ རྫོང་ཁག་བང་རྒྱུགས་ཀྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༡༢ ༢༠༡༩

༉ གཞལ་སྒང་ལུ་ ད་རེས་འགོ་དང་པ་ རྫོང་ཁག་བང་རྒྱུགས་ཀྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་ས་ལུ་ རྫོང་ཁག་འདི་ནང་གི་ཞི་གཡོགཔ་དང་ དམག་སྡེའི་མི་ངོམ་ དེ་ལས་ ནང་གི་ཨམ་ཚུ་རྩིས་ཏེ་ མི་༡༥༠་དེ་ཅིག་གིས་ གྲལ་ཁར་གཏོགས་ཡོདཔ་ཨིན་མས།

བང་རྒྱུགས་ཀྱི་ལས་རིམ་འདི་ཡང་ ལོ་ཚད་དབྱེ་ཁག་༣་སྦེ་འགོ་འདྲེན་འཐབ་ཡོདཔ་ད་ དགའ་སྐྱིད་ཀྱི་དོན་ལུ་བང་རྒྱུགས་ཟེར་མི་ ལས་རིམ་འདི་ཡང་ མི་དམངས་ལུ་ འབུ་ཉེན་མེད་པའི་ ནད་གཞི་ཚུ་གི་སྐོར་ལས་ གོ་བ་སྤེལ་ཐབས་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ནུག

འདི་མ་ཚད་ རྫོང་ཁག་བདག་སྐྱོང་གིས་ སྤྲོ་བ་ཡོད་མི་ཚུ་གི་དོན་ལས་ ཕྱིའི་ལུས་སྦྱོང་གི་ལས་རིམ་ཅིག་ཡང་ འགོ་བཙུགས་ཡོདཔ་ད་ ད་ལས་ཕར་ལས་རིམ་འདི་ གཟའ་པ་སངས་ཨ་རྟག་རང་ ཡིག་ཚང་གི་དུས་ཚོད་ མཇུག་བསྡུ་བའི་ཤུལ་མ་ འགོ་འདྲེན་འཐབ་ནི་ཨིན་མས།