གཟའ་སྤེན་པ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༢

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུག་གི་ལོ་བསྟར་སྨོན་ལམ་ཆེན་མོ་གྲོལ་གནང་ཡི།

སྤྱི་ཟླ་༧ པའི་ཚེས་ ༣ ༢༠༡༩

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་སྦེ་ གཟའ་ཕུརཔ་ལས་འགོ་བཙུགས་ཏེ་ བདུན་ཕྲག་༡གི་རིང་ལུ་ དབུ་བཞུགས་མཛད་གནང་མི་ ཐིམ་ཕུག་གི་ལོ་བསྟར་སྨོན་ལམ་ཆེན་མོ་འདི་ ད་རིས་ གྲོལ་གནང་ཡི།

ད་རུང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ནངས་པ་ མགོན་པོ་ལྕམ་དྲལ་གསུམ་གྱི་ བཀའ་དྲིན་གཏང་རག་ཚོགས་འཁོར་གནང་ས་ལུ་ཡང་ དབུ་བཞུགས་མཛད་གནང་ནི་ཨིན་མས།

འདི་བཟུམ་སྦེ་ སྐྱབས་རྗེ་མཆོག་གིས་ ནངས་ཚེས་ མི་དམངས་ལུ་ ཀུན་མཁྱེན་པདྨ་དཀར་པོའི་དབང་ལུང་ཁྲི་གསུམ་གནང་ནི་གི་ ལས་རིམ་འདུག

སྨོན་ལམ་ཆེན་མོ་འདི་ཡང་ ཐིམ་ཕུག་རྫོང་ཁག་དང་ཁྲོམ་སྡེ་གིས་ གཞུང་གྲྭ་ཚང་དང་མཉམ་འབྲེལ་འབད་དེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།