གཟའ་སྤེན་པ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༢

འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ ལས་འགུལ་ཅིག་འགོ་འབྱེད།

སྤྱི་ཟླ་༧ པའི་ཚེས་ ༣ ༢༠༡༩

༉ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ན་གཞོན་ཚུ་གི་དཀའ་ངལ་གྱི་སྐོར་ལས་ གདོང་ལེན་དང་བསམ་འཆར་ཚུ་བཀོད་ནི་གི་དོན་ལས་ ཇཱ་ན་རི་ཤཱཎ་ཝཊ་ཟེར་མི་ལས་འགུལ་འདི་ འགོ་འབྱེད་འབད་དེ་ཡོདཔ་ཨིན།

ལས་འགུལ་འདི་ལས་བརྟེན་ཏེ་ ན་གཞོན་སྐྱེས་ལོ་༡༨་ལས་༣༤་གི་བར་ན་འབད་མི་ཚུ་ལུ་ མི་ཚེ་དང་ བྱམས་བརྩེ་ དེ་ལས་ ལཱ་ག་ཅི་འབད་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་ནའི་སྐོར་ལས་ བརྗོད་དོན་༢༡་གི་ཐོག་ལུ་ དྲི་བ་༡༦༡་བཀོད་དེ་ཡོདཔ་ལས་ ངོས་ལེན་འབད་ནི་ནང་ ཕན་ཐོགས་འབྱུང་ཚུགས་པའི་རེ་བ་འདུག

ད་རུང་ ལས་འགུལ་འདི་གི་ཆ་ཤེས་ཅིག་སྦེ་ འདི་ནང་ ཕར་ཚུར་འབྲེལ་བ་འཐབ་སའི་ ཡོངས་འབྲེལ་འཆར་སྒོ་དང་ ཡོངས་འབྲེལ་གྱི་གློག་བརྙན་འདྲ་བཤུས་ དེ་ལས་ རྒྱང་མཐོང་གི་དངོས་གསལ་གློག་བརྙན་དང་ རེ་ཌིའོ་དང་གསར་ཤོགཚུ་གི་ བརྗོད་དོན་ཚུ་ཡང་ ཡོདཔ་ཨིན་མས།

ངོས་ལེན་གྱི་ བསམ་འཆར་བཀོད་མི་དང་ བྱ་སྤྱོད་ དེ་ལས་ རེ་འདོད་དང་ གནད་དོན་ཁག་ཆེ་ཤོས་ཚུ་གི་སྐོར་ལས་ ཡུ་རོ་པིཎ་རྒྱལ་ཁབ་༣༠་དང་ ཨེ་ཤི་ཡན་པེ་སི་ཕིག་ལུང་ཕྱོགས་དང་ མི་ཌིལ་ཨིསི་རྒྱལ་ཁབ་ཀྱི་ ན་གཞོན་ཚུ་གིས་ ལེགས་ཤོམ་སྦེ་ཧ་གོ་ཚུགས་པའི་ཐབས་ལུ་ སྤྱི་སྙོམས་རིག་པ་ཚུ་གིས་ བརྟག་དཔྱད་འབད་ནི་ཨིན་མས།

འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ ད་ལྟོ་ཚུན་ཚོད་ ལན་སྟོང་ཕྲག་༢༩་ལྷགཔ་ཅིན་ བསྡུ་ལེན་འབད་དེ་ཡོདཔ་ད་ འདི་གི་ མཐའ་དཔྱད་ཀྱི་གྲུབ་འབྲས་ཚུ་ སང་ཕོད་སྤྱི་ཟླ་དང་པའི་ནང་ལུ་ གསལ་སྟོན་འབད་ནི་ཨིན་མས།

འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཚེ་རིང་དབང་ཕྱུག་དང་འཁྲིལཔ་ད་ ང་བཅས་མང་ཤོས་ཅིག་གིས་རང་ ན་གཞོན་ཚུ་གིས་ ཁོང་རའི་ ལོ་ཚད་དང་ཉམས་མྱོང་ཚུ་ལུ་གཞི་བཞག་སྟེ་ བསམ་འཆར་དང་མནོ་བསམ་བཏང་ཐང་ཚུ་ལུ་ རྩིས་འཇོག་མ་འབད་བར་ཡོདཔ་སྦེ་བཤད་ཅི།

འདི་འབདཝ་ལས་ བརྟག་ཞིབ་ཚུ་ མཇུག་བསྡུ་བའི་བསྒང་ལས་ ན་གཞོན་ཚུ་གི་ དཀའ་ངལ་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་ཞིན་ན་ གྲུབ་འབྲས་སྟོན་ཚུགས་པའི་ རེ་བ་ཡོདཔ་སྦེ་ཨིན་མས།

ཇཱ་ན་རི་ཤཱཎ་ཝཊ་ཟེར་མི་ལས་འགུལ་གྱི་དོན་ལས་ འབྲུག་པའི་སྡེ་ཚན་གྱིས་ རྫོང་ཁག་༡༥་གི་ནང་ལས་ཕར་ མི་དམངས་ཀྱི་ཞབས་ཏོག་ཚུ་ སྤུས་ཚད་ཅན་ཅིག་སྦེ་ གོང་འཕེལ་བཏང་ནི་གི་གི་དོན་ལས་ མི་ཚེ་མ་འདྲཝ་སྦེ་སྐྱོང་སྟེ་སྡོད་མི་གི་ འཐུས་མི་ཚུ་ལུ་ གཞོན་སྐྱེས་ཚུ་གིས་ ག་དེ་སྦེ་མནོ་བསམ་བཏང་དོ་ག་དང་ འབད་བཞག་ག་དེ་སྦེ་སྟོན་དོ་ག་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་བཅུག་ནི་ནང་ རྒྱབ་སྐྱོར་འབད་ནུག

 འབྲུག་ལུ་ ཇཱ་ན་རི་ཤཱཎ་ཝཊ་ཟེར་མི་ལས་འགུལ་འདི་ ཨེ་ཤི་ཡན་པེ་སི་ཕིག་རྒྱང་བསྒྲགས་ཀྱིས་སྦེ་ འགོ་འདྲེན་ཐོག་ལས་ ཡ་མི་ཊུ་དང་ཡུ་པིཎ་༢་ཀྱིས་སྦེ་ སྟོན་དོ་ཡོདཔ་ཨིན་མས།

འབྲུག་ལུ་འབད་བ་ཅིན་  ལས་འགུལ་འདི་གི་འོག་ལུ་ འབྲུག་རྒྱང་བསྒྲགས་ལས་འཛིན་གིས་ འགོ་འདྲེན་འཐབ་པའི་བསྒང་ར་འདུག