གཟའ་ཕུར་བུ། ༢༠༡༩ ཟླ་༦ པའི་སྤྱི་ཚེས་༡༩

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བདེ་སྲུང་སྦྱོང་བརྡར་ནང་ གྲལ་ཁར་གཏོགས་མི་ཚུ་ལུ་ མཇལ་འཕྲད་གནང་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༡༣ ༢༠༡༩

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ད་རིས་ དབང་འདུས་ཕོ་བྲང་ བསྟན་སྐྱོང་གླིང་ལུ་སྦེ་ བདེ་སྲུང་སྦྱོང་བརྡར་ཤོ་ཐེངས་༣༤པའི་ནང་ བཅའ་མར་གཏོགས་པའི་བསྒང་ཡོད་མི་ ཁས་བླངས་པ་ཚུ་དང་གཅིག་ཁར་ མཇལ་འཕྲད་གནང་ཡི།

བདུན་ཕྲག་༥གི་སྦྱོང་བརྡར་ལས་རིམ་འདི་ཡང་ སྤྱི་ཟླ་༥པའི་སྤྱི་ཚེས་༢༠ལས་འགོ་བཙུགས་ཡོདཔ་ད་ ལས་རིམ་འདི་ནང་ལུ་ ཨམ་སྲུ་༤༥རྩིས་ཏེ་ ཁས་བླངས་པ་༡༢༥གིས་ གྲངས་སུ་གཏོགས་པའི་ བསྒང་ར་འདུག

བདེ་སྲུང་སྦྱོང་བརྡར་ལས་རིམ་འདི་ སྤྱི་ལོ་༢༠༡༡་ལས་འགོ་བཙུགས་མི་ལས་ཚུར་ ད་རེས་ཀྱི་སྡེ་ཚན་འདི་རྩིས་ཏེ་ ད་ལྟོ་ཚུན་ཚོད་ བདེ་སྲུངཔ་སྟོང་ཕྲག་༤ལྷགཔ་ཅིག་ལུ་ སྦྱོང་བརྡར་ཚུ་ བྱིན་དོ་ཡོདཔ་ཨིན་མས།