གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༢༡

རྣ་བའི་དབང་པོ་ལུ་ཐོ་ཕོག་མི་ཚུ་གིས་ མིག་ཏོ་གིས་མཐོང་མི་ཚུ་ ལེགས་ཤོམ་སྦེ་རང་ ཧ་གོ་ཚུགས་ཏེ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༠ ༢༠༡༩

༉ སྤ་རོ་ལུ་ཡོད་པའི་ དབང་སེལ་སྤེལ་ཁང་གི་སློབ་ཕྲུག་ཚུ་ རྣ་བའི་དབང་པོ་ལུ་ཐོ་ཕོག་མི་ཅིག་འབད་རུང ཁོང་ཆ་ཁྱབ་ལུ་ མིག་ཏོ་གིས་ ག་མཐོང་མི་འདི་ ལེགས་ཤོམ་སྦེ་རང་ ཧ་གོ་ཚུགས་པའི་ ཁྱད་ཆོས་མ་འདྲཝ་སྦེ་རང་འདུག

འདི་ཡང་ སྦྱོང་བརྡར་ཅིག་འགོ་འདྲེན་འཐབ་ཚར་བའི་ཤུལ་ལུ་ ཁ་ཙ་ དམངས་གཙོའི་རིང་ལུགས་ཟེར་མི་ པར་རིགས་འགྲེམ་སྟོན་གྱི་སྐབས་ལུ་ ཧ་གོ་ཚུགས་ཏེ་ཡོདཔ་ཨིན།

པར་རིགས་འགྲེམ་སྟོན་འདི་ཡང་ རྣ་བའི་དབང་པོ་ལུ་ཐོ་ཕོག་སྟེ་ཡོད་མི་ཚུ་ལུ་ ཁོང་རའི་ཉམས་མྱོང་དང་རིག་རྩལ་ཚུ་སྟོན་ནི་གི་གོ་སྐབས་འབྱིན་ཐབས་ལུ་ འགོ་འདྲེན་འཐབ་ནུག

དབང་སེལ་སྤལ་ཁང་ནང་ལས་ པར་བཏབ་ནི་དང་བརྡ་བརྒྱུད་ཚོགས་ཕྲན་གྱི་འགོ་འདྲེན་པ་ བསོད་ནམས་ཆོས་སྒྲོན་གྱིས་སླབ་མི་ནང་ རྣམ་ཅོ་མ་གོ་མི་ཨ་ལུ་ཚུ་གིས་ རང་བཞིན་གྱིས་རང་ མིག་གིས་མཐོང་མི་ཚུ་བལྟ་ཡི་རང་ ལྷབ་སྦྱང་འབད་མི་ཅིག་འབདཝ་ལས་ པར་བཏབ་ཐངས་འདི་གིས་ ཁོང་གི་ལྷབ་སྦྱང་གི་ལྕོགས་གྲུབ་ཚུ་ ཡར་དྲག་བཏང་ནི་ནང་ལུ་ ཕན་ཐོགས་འབྱུང་འོང་ཟེར་བཤད་ཅི།

ད་རུང་ མོ་གིས་སླབ་མི་ནང་ ཨ་ལུ་འདི་ཚུ་ སྤེལ་ཁང་འདི་ནང་ལས་མཐར་འཁྱོལ་འགྱོ་བའི་བསྒང་ལས་ ཁོང་ཆ་ཁྱབ་ཀྱིས་ པར་བཏབ་ནི་འདི་ ཁྱད་རིག་གི་ལཱ་ཅིག་སྦེ་ ལེན་འོང་མནོ་བའི་ རེ་བ་ཡོདཔ་སྦེ་ཨིན་མས།

ཉིནམ་གཅིག་གིས་པར་རིགས་འགྲེམ་སྟོན་འདི་ཡང་ འབྲུག་བརྡ་བརྒྱུད་དང་དམངས་གཙོའི་ལྟེ་བ་དང་ ཡུ་ཨེས་ཀྱི་རྒྱང་མཐོང་ལས་སྡེ་གི་ རྒྱབ་སྐྱོར་ལས་བརྟེན་ཏེ་འགོ་འདྲེན་འཐབ་ནུག