གཟའ་སྤེན་པ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༢

འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭའི་ རྐང་རྩེད་འགྲན་བསྡུར།

སྤྱི་ཟླ་༤ པའི་ཚེས་ ༣ ༢༠༡༩

༉ འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭའི་ རྐང་རྩེད་འགྲན་བསྡུར་ ཐེངས་༥་པའི་ནང་ལས་ ཤེས་རབ་རྩེ་ཨེཕ་སི་གིས་ རྒྱལ་ཁ་ཐོབ་ནུག

ཁ་ཙ་ མཐའ་དཔྱད་འགྲན་བསྡུར་གྱི་སྐབས་ལུ་ སྡེ་ཚན་འདི་གིས་ ཨེས་ཇེ་ཨེཕ་སི་ལུ་ གཱོལ་༢་བཙུགས་ཡོདཔ་ད་ ཨེས་ཇེ་ཨེཕ་སི་གིས་ གཱོལ་༡་ལས་བརྒལ་ བཙུགས་མ་ཚུགསཔ་ཨིན་མས།

འཇིགས་མེད་རྣམ་རྒྱལ་བཟོ་རིག་མཐོ་རིམ་སློབ་གྲྭ་གིས་ འགོ་འདྲེན་འཐབ་ཡོད་པའི་ རྩེད་འགྲན་འདི་ནང་ལུ་ མོང་སྒར་དང་བཀྲིས་སྒང་ དེ་ལས་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་ལས་ སྡེ་ཚན་༡༦་གིས་ གྲལ་ཁར་གཏོགས་ནུག