གཟའ་སྤེན་པ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༠

ཕོ་སྐྱེས་ཅིག་གིས་ སློབ་ཕྲུག་ཅིག་ལུ་ གྱི་བླུགས་བྱིན་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༨ ༢༠༡༩

༉ ཐིམ་ཕུག་གི་ཁྲིམས་སྲུང་འགག་པ་གིས་ ཁ་ཙ་ཕྱི་རུ་ སྐྱེས་ལོ་ ༢༦ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་ ༢༠ ལང་མི་ སློབ་ཕྲུག་ཕོ་སྐྱེས་ཅིག་ལུ་ གྱི་བླུགས་བྱིན་ཡོད་པའི་དོགས་པ་ལུ་བརྟེན་ བཟུང་ཡོདཔ་ཨིན་མས།

ཁྲིམས་སྲུང་འགག་པ་གིས་སླབ་མི་ནང་ དོགས་པ་ཅན་ཕོ་སྐྱེས་དེ་གིས་ སློབ་ཕྲུག་དེ་གི་མགུ་ཏོག་ཁར་ གྱི་བླུགས་བྱིན་ཏེ་ རྨ་སྐྱོན་ཆུང་ཀུ་ཅིག་ བཏོན་ཏེ་འདུག་ཟེར་ཨིནམ་ད་ བྱ་ངན་དེ་ཡང་ ཐིམ་ཕུ་ཁ་ས་གྲབ་ཆུ་ཁྲོམ་ཁར་ སྒྲ་དབྱངས་ཁང་ཅིག་གི་ཕྱི་ཁར་བྱུང་ནུག་ཟེར་ཨིན་མས།

ད་རུང་ ཁྲིམས་སྲུང་འགག་པ་གིས་སླབ་མི་ནང་ གནད་དོན་འདི་ནང་འབྲེལ་བའི་ཡོད་པའི་གཞན་མི་ དོགས་པ་ཅན་ཕོ་སྐྱེས་ཅིག་ཡང་ མ་གཞི་ངོས་འཛིན་འབད་ཚུགས་ཏེ་ཡོདཔ་ལས་ བཟུང་ནིའི་དོན་ལུ་ ད་ལྟོ་འཚོལ་བའི་བསྒང་ར་ཡོད་ཟེར་ཨིན་མས། འདི་བཟུམ་ ཁྲིམས་སྲུང་འགག་པ་དང་འཁྲིལ་བ་ཅིན་ རྨ་རྐྱེན་བྱུང་མི་ཕོ་སྐྱེས་དེ་ཡང་ དེ་འཕྲོས་ལས་རང་ སྨན་ཁང་ནང་ལུ་བཀལ་བའི་ཤུལ་མ་ ལོག་བཏང་སྟེ་ཡོདཔ་ད་ བྱ་ངན་འདི་ནང་ལག་ལེན་འཐབ་པའི་གྱི་ཅུང་དེ་ཡང་ ཁྲིམས་སྲུང་འགག་པ་གིས་ཐོབ་སྟེ་ཡོདཔ་ལས་ ཞིབ་དཔྱད་འབད་བའི་བསྒང་རང་འདུག