གཟའ་སྤེན་པ། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༢༠

སྨྱོ་རྫས་ནག་ཚོང་ལུ་བརྟེན་ ཕོ་སྐྱེས་གཅིག་ ཁྲིམས་སྲུང་ཞིབ་དཔྱད་སྒོ་ར་ནང་ལས་བཟུང་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༥ ༢༠༡༨

ཁ་ཉིནམ་ ཕུན་ཚོགས་གླིང་གི་ཁྲིམས་སྲུང་འགག་པ་གིས་ བཀག་བསྡམ་འབད་དེ་ཡོད་པའི་ སྨྱོ་རྫས་ཀྱི་རིགས་ཚུ་ ནག་ཚོང་འཐབ་ཡོད་པའི་དོགས་པ་ལུ་བརྟེན་ དབང་འདུས་ཕོ་བྲང་ལས་ སྐྱེས་ལོ་༢༨ ལང་ཡོད་མི་ ཕོ་སྐྱེས་གཅིག་ རིན་ཆེན་ལྡིང་ ཁྲིམས་སྲུང་ཞིབ་དཔྱད་སྒོ་ར་ནང་ལས་བཟུང་ནུག

དོགས་པ་ཅན་ཕོ་སྐྱེས་འདི་གིས་ སྨྱོ་རྫས་ཚུ་ཡང་ ཁོ་རའི་སྣུམ་འཁོར་གྱི་སྡོད་ཁྲི་འོག་ལུ་ སྦ་བཞག་སྟེ་ཡོདཔ་སྦེ་ཨིན་མས།

ད་རུང་ ཁྲིམས་སྲུང་འགག་པ་གིས་ དོགས་པ་ཅན་ཕོ་སྐྱེས་འདི་ལས་ སྨྱོ་རྫས་ཨེས་པི་པ་ལས་སྟོང་ཕྲག་༡༠ ལྷགཔ་ཅིག་དང་ གཞན་མི་སྨྱོ་རྫས་དག་པ་ཅིག་ཡང་ འབག་ཡོདཔ་སྦེ་བདའ་ཟུན་ནུག

ཁྲིམས་སྲུང་འགག་པ་གིས་ དོགས་པ་ཅན་དང་གཅིག་ཁར་ ད་རུང་ ཆ་རོགས་ཕོ་སྐྱེས་གཅིག་ཡོད་མི་འདི་ བྱོག་ཡར་སོངཔ་ལས་ ད་ལྟོ་འཚོལ་བའི་བསྒང་ཡོདཔ་ཨིན་མས།