གཟའ་མིག་དམར། ༢༠༡༩ ཟླ་༧ པའི་སྤྱི་ཚེས་༢༢

འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་གྱིས་ དགོངས་ཞུ་འབད་ནི་སྦེ་ ཡིག་གུ་བཙུགས་མི་འདི་ ངོས་ལེན་མ་འབད་བར་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༧ ༢༠༡༨

༉ དྲག་ཤོས་གནས་བརྟན་བཟང་མོ་གིས་ ཚོགས་པའི་གཙོ་འཛིན་གྱི་ གོ་གནས་ལས་ དགོངས་ཞུ་འབད་ནི་སྦེ་ ཡིག་གུ་བཙུགས་མི་འདི་ལུ་ འབྲུག་ཀུན་མཉམ་ཚོགས་པ་གིས་ ངོས་ལེན་མ་འབད་བས།

འབྲུག་ཀུན་མཉམ་ཚོགས་པའི་གཙོ་འཛིན་འོགམ་ བསོད་ནམས་སྟོབས་རྒྱས་ཀྱིས་བཀོད་མི་ནང་ དྲག་ཤོས་གནས་བརྟན་བཟང་མོ་འདི་ ཁོང་གི་ཚོགས་པ་གི་དོན་ལུ་ བདོག་གཏད་ངོ་མ་ཅིག་འབདཝ་ལས་ མོ་གིས་དགོངསམ་ཞུ་ནི་ཟེར་མི་ལུ་ ངོས་ལེན་འབད་མ་ཚུགས་པར་ཡོད་ཟེར་བཤད་ཅི།

ད་རུང་ ཁོ་གིས་འབད་བ་ཅིན་ ཚོགས་པའི་ཁ་ཐུག་ལས་ མོ་གིས་ སྤྱི་ལོ་༢༠༢༣གྱི་ བཙག་འཐུ་གི་དོན་ལས་ སྒྲ་སྒྲིག་ཚུ་ལེགས་ཤོམ་སྦེ་འབད་ཞིན་ན་ ད་རེས་བས་ཡང་དྲགཔ་སྦེ་ འབད་འོང་མནོ་བའི་ རེ་བ་ཡོདཔ་སྦེ་ཨིན་མས།

འབྲུག་ཀུན་མཉམ་ཚོགས་པ་གིས་ དྲག་ཤོས་གནས་བརྟན་བཟང་མོ་ དགོངས་ཞུ་འབད་ནི་ཨིན་པའི་ཡི་གུ་བཙུགས་མི་གི་ཐད་ཁར་ ཁ་ཙ་ཕྱི་རུ་ ཁོང་རའི་མི་སྡེ་བརྡ་བརྒྱུད་ཕེས་བུཀ་ནང་ལུ་ གསལ་སྟོན་འབད་དེ་ཡོདཔ་ཨིན།

དྲག་ཤོས་གནས་བརྟན་བཟང་མོ་གིས་ མོ་ར་ཚོགས་པའི་གཙོ་འཛིན་ནང་ལས་ དགོངས་ཞུ་འབད་ནི་གི་ ཡི་གུ་འདི་ སྤྱིར་བཏང་བཙག་འཐུ་འགོ་འདྲེན་འཐབ་ཚར་ཏེ་ ཉིནམ་༡་གི་རྒྱབ་ལས་རང་ སྤྱི་ཟླ་༩པའི་སྤྱི་ཚེས་༡༦་གི་ཚེས་ བཙུགས་ཏེ་ཡོདཔ་ཨིན་མས།