གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

ཕོ་སྐྱེས་ཅིག་གིས་ བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་གནད་དོན།

སྤྱི་ཟླ་༡༡ པའི་ཚེས་ ༣ ༢༠༡༨

༉ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༡༩་ལང་མི་བུཚ་ཅིག་ སྐྱེས་ལོ་༡༦་ལང་མི་བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་གནད་དོན་ལུ་བརྟེན་ འདས་པའི་གཟའ་སྤེནམ་ལས་ དོ་དམ་འོག་ལུ་བཞག་སྟེ་ཡོདཔ་ཨིན་མས།

ཁྲིམས་སྲུང་འགག་པ་གིས་བཀོད་མི་ནང་ ཁོང་གཉིས་ མི་སྡེ་བརྡ་བརྒྱུད་ཀྱི་ཐོག་ལས་ འཕྱད་པའི་ཤུལ་ལུ་ དགའ་མཐུན་འབྱུང་ནུག་ཟེར་ཨིན་མས།

ད་རུང་ ཁྲིམས་སྲུང་འགག་པ་གིས་སླབ་མི་ནང་ བུཚ་འདི་ཞིབ་དཔྱད་འབད་ནི་གི་དོན་ལུ་ དོ་དམ་འོག་ལུ་བཞག་དགོ་མི་འདི་ཡང་ ཁོང་༢་ཀྱི་འབྲེལ་བ་འདི་ བྱིས་པ་སྐྱེས་ལོ་༡༢་ཡན་ཆད་ལུ་ བཙན་གཡེམ་འབད་བའི་གནོད་འགལ་ཨིན་མས་ཟེར་བཀོད་དེ་འདུག

འབྲུག་གི་ཉེས་འགེལ་ཁྲིམས་དེབ་ འཁྲི་སྣོན་བཅའ་ཁྲིམས་དང་འཁྲིལཔ་ད་ གནོད་འགལ་འདི་ དབྱེ་རིམ་༢་པའི་གྲངས་སུ་ཚུདཔ་ལས་ བཙོན་ཁྲིམས་ཉུང་ཤོས་ར་ ལོ་༩་ལས་༡༥་གི་བར་ན་ཕོག་དགོཔ་སྦེ་ འཁོད་དེ་འདུག