གཟའ་མིག་དམར། ༢༠༡༩ ཟླ་༧ པའི་སྤྱི་ཚེས་༢༢

འབྲུག་པའི་སྡེ་ཚན་འདི་ ལྷོ་ཨེ་ཤི་ཡན་སྐྱེ་ལོ་༡༥མན་ཆད་ཀྱི་རྐང་རྩེད་འགྲན་བསྡུར་ནང་ལུ་ དོ་འགྲན་འབད་ནི་གི་གོ་སྐབས་རྫོགས་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣༠ ༢༠༡༨

༉ འབྲུག་པའི་སྡེ་ཚན་འདི་ ད་རིས་ རྒྱ་གར་ལས་ ཕམ་སོང་མི་ལུ་བརྟེན་ ལྷོ་ཨེ་ཤི་ཡན་ སྐྱེ་ལོ་༡༥མན་ཆད་ཀྱི་རྐང་རྩེད་འགྲན་བསྡུར་ནང་ལུ་ དོ་འགྲན་འབད་ནི་གི་གོ་སྐབས་འདི་ ནེ་ཅིག་སྦེ་ རྫོགསཔ་ཨིན་མས།

རྒྱ་གར་གྱིས་ འབྲུག་པའི་སྡེ་ཚན་ལུ་ གཱོལ་༤བཙུགས་ཡོདཔ་ཨིན་རུང་ འབྲུག་པའི་སྡེ་ཚན་གྱིས་ གཱོལ་༡ཡང་ བཙུགས་མ་ཚུགས་པས།

འགྲན་བསྡུར་འདི་ནང་ལུ་ ད་ལྟོ་ཚུན་ རྩེད་འགྲན་ཚར་གཅིག་གི་ནང་ལས་ཡང་ རྒྱལ་ཁ་ཐོབ་མ་ཚུགས་མི་འདི་ འབྲུག་དང་མཱལ་དིཕིསི་གི་སྡེ་ཚན་ཨིན་མས།

འདི་འབདཝ་ལས་ འབྲུག་དང་མཱལ་དིཕིསི་གི་སྡེ་ཚན་འདི་ འགྲན་བསྡུར་འདི་ནང་ལས་ འཐོན་འགྱོ་མི་གི་གྲངས་སུ་ཚུད་དེ་ཡོདཔ་ཨིན།

འགྲན་བསྡུར་འདི་གི་ ནོག་ཝའུཊི་གི་བསྐོར་ཐེངས་འདི་ གཟའ་པ་སངས་ལས་ འགོ་འདྲེན་འཐབ་ཨིནམ་ད་ བསྐོར་ཐེངས་འདི་ནང་ལུ་ སྦལ་བུ་དང་བང་ལ་དེཤི་ དེ་ལས་ རྒྱ་གར་དང་པ་ཀིསི་ཏཱན་གྱི་སྡེ་ཚན་ཚུ་གིས་ལྷོད་དེ་འདུག

ལྷོ་ཨེ་ཤི་ཡན་ སྐྱེ་ལོ་༡༥མན་ཆད་ཀྱི་རྐང་རྩེད་འགྲན་བསྡུར་ཐེངས་༥པ་འདི་ སྦལ་བུ་ལུ་སྦེ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ འདི་ནང་ལུ་ ལྷོ་ཨེ་ཤི་ཡ་གི་རྒྱལ་ཁབ་༦གིས་ བཅར་མར་གཏོགས་དོ་ཡོདཔ་ཨིན་མས།