གཟའ་ཉི་མ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༡༦

ཐིམ་ཕུག་ ཧོང་ཀོང་མར་ཀེཊ་ནང་སྡོད་མི་ཚུ་ལུ་ འཐུང་ཆུ་མེད་པར་ ཟླཝ་གསུམ་དེ་ཅིག་འགྱོ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༡༨ ༢༠༡༨

 

༉ ཐིམ་ཕུག་ ཧོང་ཀོང་མར་ཀེཊ་ནང་སྡོད་མི་ཚུ་ལུ་ འཐུང་ཆུ་མ་ལང་པའི་དཀའ་ངལ་འཐོན་ཏེ་ ཟླཝ་གསུམ་དེ་ཅིག་འགྱོ་སྟེ་འདུག

ས་ཁོངས་འདི་ནང་སྡོད་མི་ ཚོང་པ་ལ་ལུ་ཅིག་གིས་ ཆུ་དབོག་ནི་གི་དོན་ལུ་ སྣུམ་འཁོར་ཚུ་ཡང་ གླ་ཁར་ལེན་དགོཔ་འཐོན་ཏེ་ཡོདཔ་སྦེ་ཨིན་མས།

ཁོང་ཚོང་པ་ཚུ་གིས་སླབ་མི་ནང་ ཉིནམ་ཅིག་ནང་ འཐུང་ཆུ་ཚར་རེ་དབོག་པའི་སྐབས་ གླ་འཐུས་དངུལ་ཀྲམ་ སྟོང་ཕྲག་༣རེ་ སྤྲོད་དགོཔ་འཐོན་དོ་ཡོདཔ་ལས་ འཚོ་བ་སྐྱོང་ནི་གི་དོན་ལུ་ ཉིནམ་ཅིག་གི་འོང་འབབ་འདི་གིས་ བདའ་ཟུན་ཚུགས་པར་ ལཱ་ཁག་བཏང་མས་ཟེར་བཤད་ཅི།

འདི་ལུ་ ཐིམ་ཕུག་ཁྲོམ་སྡེ་གིས་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ འཐུང་ཆུ་མ་ལང་པའི་སྐོར་ལས་ མི་ག་ལས་ཡང་ ཉོག་བཤད་ཚུ་ མ་ཐོབ་ཟེར་ཨིན་མས།

ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་སླབ་མི་ནང་ འཐུང་ཆུའི་དཀའ་ངལ་འཐོན་མི་འདི་ཡང་ མུ་ཏིག་ཐང་ལུ་ཡོད་པའི་ཆུའི་རྐ་འདི་ སྐམ་འགྱོ་མི་དང་ སྒྲིང་ཁྱིམ་རྐྱབ་མི་གི་གྱངས་ཁ་འདི་ ཡར་སེང་འགྱོ་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་བཤད་ཅི།

ཨིན་རུང་ ཁྲོམ་དཔོན་གྱིས་བཀོད་མི་ནང་ ཐིམ་ཕུག་ཁྲོམ་ཁ་ལུ་ འཐུང་ཆུ་མ་ལང་པའི་དཀའ་ངལ་འདི་ སང་ཕོད་ རྡོ་གདན་ན་གི་ འཐུང་ཆུ་བཀྲམ་སྤེལ་ལས་འགུལ་འདི་ མཇུག་བསྡུ་བའི་བསྒང་ལས་ སེལ་ཚུགས་ཟེར་ཨིན་མས།