གཟའ་ཟླ་བ། ༢༠༡༨ ཟླ་༡༡ པའི་སྤྱི་ཚེས་༡༨

གཞལ་སྒང་ཁྲོམ་ཁ་ལུ་ རོ་ཁྱི་གི་དཀའ་ངལ།

སྤྱི་ཟླ་༧ པའི་ཚེས་ ༡༣ ༢༠༡༨

༉ གཞལ་སྒང་ ཁྲོམ་ཁ་ལུ་ རོ་ཁྱི་སྤྱང་ཁྱི་གི་གྱངས་ཁ་འདི་ ད་རེས་སྐབས་ཅིག་ ཡར་སེང་འགྱོ་སྟེ་ཡོདཔ་ལས་ མི་ཚུ་ ཚ་གྱང་ལང་དགོ་པའི་ གཞི་ཅིག་ལུ་གྱུར་ཏེ་འདུག

མི་ཚུ་གིས་སླབ་མི་ནང་ ཁྲོམ་ཁ་ལུ་ཡོད་མི་ རོ་ཁྱི་ལ་ལུ་ཅིག་ ནད་གཞི་ཟུན་ཏེ་ཡོདཔ་ལས་ ནད་གཞི་ཚུ་ ཁོང་ཆ་ཁྱབ་ལུ་འབུ་ནི་གི་ཉེན་ཁ་འདུག་ཟེར་བཤད་ཅི།

ད་རུང་ ཁོང་གིས་འབད་བ་ཅིན་ གནད་དོན་འདི་ལུ་ འཕྲལ་རང་ ཐབས་ཤེས་ཅིག་བཏོན་མ་ཚུགས་པ་ཅིན་ འཆོལ་ནད་ཐོན་ནི་གི་ཉེན་ཁ་ཡང་ ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ ས་གནས་དེ་ཁའི་མི་ཚུ་གིས་སླབ་མི་ནང་ རོ་ཁྱི་ཚུ་གིས་ ཕྱི་རུ་ མི་ལུ་ཡང་ སོ་བཏབ་པར་འོང་མས་ཟེར་ཨིན་མས།

འདི་ལུ་ གཞལ་སྒང་རྫོང་ཁག་གི་སྒོ་ནོར་འགོ་དཔོན་ ཨྱོན་ལྷུན་གྲུབ་ཀྱིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ ལོ་བསྟར་བཞིན་ རོ་ཁྱི་བཤགས་བཅོས་དང་སྨན་ཁབ་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ གཞལ་སྒང་ལུ་ རོ་ཁྱི་ བརྒྱ་ཆ་༥་དེ་ཅིག་རྐྱངམ་གཅིག་ ཤ་བཏོག་མ་ཚུགས་པར་ལུས་ཏེ་ ཡོད་ཟེར་བཤད་ཅི།

གཞལ་སྒང་ལུ་ ན་ཧིང་ རོ་ཁྱི་༤༠༠་ལྷགཔ་ཅིག་ ཤ་བཏོག་ནུག