གཟའ་ཕུར་བུ། ༢༠༡༨ ཟླ་༩ པའི་སྤྱི་ཚེས་༡༩

ན་གཞོན་ཅིག་གིས་ གླི་གི་ཚོང་འབྲེལ་འགོ་བཙུགས་ཏེ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༩ ༢༠༡༨

 

༉ ན་གཞོན་ཚུ་ གཡུས་ཁ་ལུ་ ལོག་ཞིན་ན་ མི་ཚེ་སྐྱོང་སྡོད་མི་འདི་ མང་སུ་ཅིག་སྦེ་རང་ཐོན་དོ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ བཀྲིས་གཡང་རྩེ་ རམ་འཇར་ལས་ སྐྱེས་ལོ་༡༩་ལང་མི་ བསྟན་འཛིན་དབང་གྲགས་ཀྱིས་ཡང་ དུས་ཅི་ལས་ སློབ་གྲྭ་ནང་ལས་འཐོན་ཏེ་ ད་རེས་ ཁོ་རའི་ ཨ་པ་གིས་སྦེ་ གླི་ཤིང་བཙུགས་ཏེ་ཡོད་མི་གི་ ཚོང་ལཱ་འདི་ བལྟ་སྟེ་སྡོད་དོ་ཡོདཔ་ཨིན་མས།

བསྟན་འཛིན་གྱིས་ གླི་གི་ལཱ་འདི་ཚུ་ རྩིས་ལེན་མི་དང་འབྲེལ་ ཁོ་རའི་ཨ་པ་ནང་ལས་ གླི་ཤིང་བདག་འཛིན་འཐབ་ནི་གི་རིག་རྩལ་ཚུ་ཡང་ ལྷབ་དོ་ཡོདཔ་ཨིན་མས།

ཤར་ཕྱོགས་རྫོང་ཁག་ནང་ལས་ཕར་ གླི་ཤིང་བཙུགས་ནི་གི་ལཱ་འབད་མི་ དེ་ཅིག་རང་མི་མཐོང་དོ་ཡོདཔ་ཨིན་རུང་ ཁོ་གི་ཚོང་ལཱ་འདི་ ལེགས་ཤོམ་སྦེ་རང་ འགྱོ་ཚུགས་པའི་ རེ་བ་འདུག

བསྟན་འཛིན་དབང་གྲགས་ཀྱིས་སླབ་མི་ནང་ ཁོ་གི་གླི་འདི་ཚུ་ བཀྲིས་གཡང་རྩེ་དང་ བསམ་གྲུབ་ལྗོངས་མཁར་ལུ་ བཙོང་པར་འབག་དོ་ཡོདཔ་སྦེ་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ གླི་ལས་བརྟེན་ཏེ་ ན་ཧིང་ འོང་འབབ་དངུལ་ཀྲམ་སྟོང་ཕྲག་༢༣་ལྷགཔ་ཅིག་རྐྱངམ་ཅིག་ བཟོ་མ་ཚུགསཔ་ཨིན་རུང་ དུས་ཅི་ སེརཝ་ཚུ་ཡང་ མ་རྐྱབ་མི་ལུ་བརྟེན་ཏེ་ ཐོན་ཤུགས་ལེགས་འོང་ནི་གི་ རེ་བ་ཡོད་ཟེར་ཨིན་མས།

ད་རུང་ ཁོང་ཕ་སྤད་༢་ཀྱིས་ གླིང་ཤིང་མཐུད་ནི་གི་ལྕངམ་ཚུ་ འཇམ་མཁར་གྱི་ མི་སེར་སོ་ནམ་པ་ཚུ་ལུ་ཡང་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་མས།

བསྟན་འཛིན་འདི་ ད་རེས་ འདི་བཟུམ་གྱི་ཚོང་ལཱ་འབད་དེ་ སྡོད་ཚུགས་མི་འདི་ལུ་ སེམས་དགའ་སྟེ་ཡོདཔ་མ་ཚད་ ཁོ་རའི་ཨ་པ་གིས་འགོ་བཙུགས་ཏེ་ཡོད་མི་ ཚོང་ལཱ་ཡར་རྒྱས་བཏང་ནི་གི་འགན་ཁུར་འདི་ཡང་ ཁོ་ལུ་ཕོགཔ་ཨིནམ་ ཧ་གོ་སྟེ་འདུག