གཟའ་ཕུར་བུ། ༢༠༡༨ ཟླ་༦ པའི་སྤྱི་ཚེས་༢༠

ཕོ་སྐྱེས་ཅིག་གིས་ རྔ་བཟོ་ནི་གི་ ཚོང་ལཱ་འབད་དོ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༠ ༢༠༡༨

༉ ཀྲོང་གསར་ལུ་ སྐྱེས་ལོ་༧༦་ལང་མི་ ཕོ་སྐྱེས་ཅིག་གི་དོན་ལུ་ ཚོང་འབྲེལ་གྱི་གོ་སྐབས་ལེགས་ཤོམ་སྦེ་ ཡོད་ནི་འདི་གིས་ ཁོ་ར་ ལོ་ན་ཚད་རྒས་སོང་རུང་ ཐོ་མ་ཕོག་པར་འདུག

ཁོ་གིས་ རང་ལུགས་ཀྱི་རྔ་བཟོ་ཡི་རང་ ཚོང་འབྲེལ་འཐབ་སྟེ་ ལོ་ངོ་༤༠་ལྷགཔ་ཅིག་ ལང་སྟེ་ཡོདཔ་ཨིན་མས།

ནག་མདོག་གིས་སླབ་མི་ནང་ ཁོ་གིས་ ལོ་བསྟར་བཞིན་དུ་ རྔ་བཟོ་སྟེ་ བཙོང་མི་ལུ་བརྟེན་ཏེ་ འོང་འབབ་དངུལ་ཀྲམ་འབུམ་༡་དང་༢་དེ་ཅིག་ བཟོ་ཚུགས་པས་ཟེར་བཤད་ཅི།

ཁོ་གིས་ རང་ལུགས་ཀྱི་ རྔ་བཟོ་ནི་གི་ལུགས་སྲོལ་ཚུ་ ཉམས་མ་བཅུག་པར་ བཞག་དོ་ཡོདཔ་མ་ཚད་ ཁོ་གིས་ ཁོ་རའི་ཚོང་རོགས་ཟེར་སླབ་སྲོལ་ཡོད་མི་ གཡུས་ཁ་ལས་ ཆ་རོགས་༡༡་ཡང་ རྔ་བཟོ་མི་སྦེ་ ལཱ་གཡོག་བྱིན་ཚུགས་ཏེ་འདུག

 ཁོང་ཆ་ཁྱབ་ཀྱིས་ འཆམ་རྔ་དང་ ཆོས་རྔ་ཟེར་ རྔ་ལྷམ་པ་༢་སྦེ་བཟོ་དོ་ཡོདཔ་ད་ འཆམ་རྔ་ཟེར་མི་འདི་ཡང་ འཆབ་རྐྱབ་པའི་སྐབས་ལུ་ ལག་ལེན་འཐབ་མི་གི་རྔ་དང་ ཆོས་རྔ་ཟེར་མི་འདི་ ཆོས་ཕྱོགས་ཀྱི་ ལས་རིམ་ཚུ་འགོ་འདྲེན་འཐབ་པའི་སྐབས་ལུ་ ལག་ལེན་འཐབ་མི་ རྔ་སྦོམ་སུ་ཅིག་སྦེ་ བཟོ་དོ་ཡོདཔ་ཨིན་མས།