གཟའ་མིག་དམར། ༢༠༡༩ ཟླ་༩ པའི་སྤྱི་ཚེས་༡༦

འཁོར་ལམ་ལས་བརྟེན་ཏེ་ ཚོང་འབྲེལ་འཐབ་ནི་ཁེ་ཕན།

སྤྱི་ཟླ་༥ པའི་ཚེས་ ༢༤ ༢༠༡༨

༉ གསར་སྤང་རྫོང་ཁག་ རྟ་རས་ཐང་རྒེད་འོག་གི་ མི་སེར་ཚུ་གི་ དངུལ་ཐོག་གཙོ་བོ་ཅིག་ཨིན་མི་ རྡོག་མ་བཙོང་པ་ལུ་ ད་རེས་ནངས་པར་ སྟབས་བདེ་ཏོག་ཏོ་ཅིག་ལུ་ འགྱུར་ཏེ་འདུག

འདི་ཡང་ རྒེད་འོག་ནང་གི་ལམ་འདི་ རྩི་ནག་བཏང་ཚར་ཏེ་ཡོདཔ་ལས་ རྡོག་མ་ཉོ་མི་ཚུ་ སྒོའི་རྩ་བར་ཚུན་ཚོད་ རང་ འོང་དོ་ཡོད་མི་ལས་བརྟེན་ཏེ་ཨིན་མས།

འདི་འབདཝ་ལས་ རྟ་རས་ཐང་གི་མི་སེར་ཚུ་གིས་སླབ་མི་ནང་ ཚོང་འབྲེལ་འཇམ་ཏོང་ཏོ་སྦེ་འཐབ་ནི་ལུ་ ཕན་ཐོགས་འབྱུང་སྟེ་ཡོདཔ་མ་ཚད་ དོས་གླ་ཡང་ སྤྲོད་མ་དགོ་པའི་ ལྷན་ཐབས་འབྱུང་མས་ཟེར་བཤད་ཅི།

ཨུམ་གླིང་ལས་ རྟ་རས་ཐང་ཚུན་ ཀི་ལོ་མི་ཊར་༧་འབད་མི་འཁོར་ལམ་རྩི་ནག་བཏང་ནི་གི་དོན་ལུ་ གཞུང་གིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༠་ལྷགཔ་ཅིག་བཏང་ནུག

ལམ་རྩི་ནག་བཏང་ནི་གི་ལཱ་འདི་ཡང་ འདས་པའི་ཟླ་ནང་ལུ་ མཇུག་བསྡུ་སྟེ་ཡོདཔ་ཨིན།