གཟའ་པ་སངས། ༢༠༡༡ ཟླ་༣ པའི་སྤྱི་ཚེས་༤

དགེ་ལེགས་ཕུག་རིན་བསྡུར་ཁང་ནང་ ས་སྒ་གི་གོང་ཚད་ཡར་སེང་།

སྤྱི་ཟླ་༥ པའི་ཚེས་ ༡༦ ༢༠༡༨

༉ གསར་སྤང་ལུ་ ད་རེས་ ས་སྒ་གི་གོང་ཚད་ལེགས་ཤོམ་སྦེ་ ཐོབ་ཚུགས་དོ་ཡོདཔ་ལས་ ས་སྒ་གི་ལཱ་འབད་མི་ག་ར་གིས་ དུས་ཅི་ འོང་འབབ་འདི་ ལེགས་ཤོམ་སྦེ་རང་ བཟོ་ཚུགས་པའི་ རེ་བ་བསྐྱེད་དེ་འདུག

འདི་ཡང་ མི་སེར་ཚུ་གིས་སླབ་མི་ནང་ ན་ཧིང་ ས་སྒ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠་དང་༣༠་ཀྱི་བར་ན་ལས་བརྒལ་ཏེ་ འཐོབ་མ་ཚུགསཔ་ཨིན་རུང་ དུས་ཅི་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༠་རེ་འབད་མི་འདི་ ན་ཧིང་དང་འཕྱདཔ་ད་ ཡུདཔ་ཅིག་ ལོག་ལྟབ་ཀྱི་རྩིས་ ཡར་སེང་འགྱོ་ནུག་ཟེར་བཤད་ཅི།

འདི་ལུ་ རིན་བསྡུར་ཁང་གི་འགོ་འཛིན་པ་ ནོར་བུ་དབང་འདུས་ཀྱིས་སླབ་མི་ནང་ དུས་ཅི་ ས་སྒ་མཁོ་འདོད་བསྐྱེད་མི་གི་གྱངས་ཁ་འདི་ ཡར་སེང་འགྱོ་སྟེ་ཡོད་རུང་ བཀྲམ་སྤེལ་འབད་མི་གི་ཐད་ཁར་ མར་ཕབ་འགྱོ་མི་ལུ་བརྟེན་ཏེ་ཨིན་ཟེར་བཤད་ཅི།

གསར་སྤང་རྫོང་ཁག་ནང་ལུ་ ས་སྒ་འདི་ དངུལ་ཐོག་ཚུ་གི་གྲལ་ལས་ གཙོ་བོ་ཅིག་འབདཝ་ལས་ ས་སྒ་གི་ལཱ་འབད་མི་ མང་ཤོས་རང་ ཨུམ་གླིང་དང་ གསེར་གཞོང་ དེ་ལས་ ཆུ་ཟངས་སྒང་དང་ རྟ་རས་ཐང་རྒེད་འོག་༤་གི་ མི་སེར་ཚུ་ཨིན་མས།

དགེ་ལེགས་ཕུག་རིན་བསྡུར་ཁང་གིས་ ན་ཧིང་ ས་སྒ་ ཊཱན་༢༤༢་རིན་འབད་ནུག