གཟའ་ཕུར་བུ། ༢༠༡༡ ཟླ་༣ པའི་སྤྱི་ཚེས་༣

སྲནམ་ཅུམ་འབོལ་དྲགས་སྦེ་ཡོད་རུང་ བཙོང་ནི་ལུ་གདོང་ལན།

སྤྱི་ཟླ་༤ པའི་ཚེས་ ༢༨ ༢༠༡༨

༉ དར་དཀར་ན་རྫོང་ཁག་ འབྲུག་རྗེས་སྒང་རྒེད་འོག་ནང་ལུ་ སྲནམ་ཅུམ་གྱི་ཚོང་འབྲེལ་འཐབ་མི་ ཨམ་སྲུ་སྡེ་ཚན་ཅིག་ཡོད་མི་འདི་ ཁེབ་ས་བཟོ་ཚུགས་པ་ལུ་ ལཱ་ཁག་བཏང་སྟེ་འདུག

འབྲུག་རྗེས་སྒང་ཨམ་སྲུ་སྲནམ་ཅུམ་སྡེ་ཚན་འདི་ཡང་ གཡུས་ཁའི་མི་ཚུ་ལས་ སྲནམ་ཅུམ་བསྡུ་ཞིནམ་ལས་ ཚོང་འབྲེལ་འཐབ་ནི་གི་དོན་ལུ་ སྤྱི་ལོ་༢༠༡༦་ལུ་ གཞི་བཙུགས་འབད་ནུག

སྲནམ་ཅུམ་གྱི་ཚོང་ལཱ་འདི་ ཨམ་སྲུ་༤་གིས་སྦེ་ འགོ་བཙུགས་ཡོདཔ་ད་ ཁོང་ཆ་ཁྱབ་ཀྱིས་ ན་ཧིང་ ཁེབ་ས་དངུལ་ཀྲམ་སྟོང་ཕྲག་༡༤་རྐྱངམ་ཅིག་ བཟོ་ཚུགས་ཡོདཔ་ཨིན་མས།

ཨིན་རུང་ ཁོང་ཆ་ཁྱབ་ཀྱིས་ ད་རེས་ ཚོང་ལཱ་འདི་ནང་ལུ་ རྒྱབ་སྐྱོར་ཨ་ཙི་རེ་ཐོབ་མི་འདི་རྩིས་ཏེ་ མ་རྩ་ དངུལ་ཀྲམ་འབུམ་༢་དེ་ཅིག་ བཙུགས་ཏེ་ཡོདཔ་སྦེ་བཤད་ཅི།

ད་རུང་ ཁོང་གིས་སླབ་མི་ནང་ ཁོང་ཆ་ཁྱབ་སྲནམ་ཅུམ་བཙོང་མ་ཚུགས་པར་ སྡོད་པའི་སྐབས་ལུ་ རྫོང་ཁག་གི་ ཉོ་འབག་མི་འདི་གི་ ཕན་ཐོགས་འབྱུང་ཡོདཔ་ད་ སང་ཕོད་ཡང་ རྫོང་ཁག་གིས་ ཉོ་འབག་པ་ཅིན་ སྡེ་ཚན་འདི་ ཡུན་བརྟེན་སྦེ་ གནས་ཚུགས་ནི་མས་ཟེར་ཨིན་མས།

འདི་བཟུམ་སྦེ་ དར་དཀར་ན་རྫོང་ཁག་གིས་ འབྲུག་རྗེས་སྒང་ཨམ་སྲུ་སྲནམ་ཅུམ་སྡེ་ཚན་འདི་ལུ་ སྲནམ་ཅུམ་སྒམ་རྐྱབ་ནི་གི་ འཕྲལ་ཆས་ཅིག་འབྱིན་ཡོདཔ་ཨིན་མས།

སྡེ་ཚན་འདི་གི་ སྲནམ་ཅུམ་ཚུ་ སྒམ་ལེགས་ཤོམ་སྦེ་རྐྱབ་སྟེ་ཡོད་ལས་ ཟ་ནི་དང་ སོན་སྦེ་ལག་ལེན་འཐབ་ནི་གི་དོན་ལུ་ ལོ་ལས་བཅད་དེ་ མེདཔ་མ་འགྱོ་བར་ སྡོདཔ་ཨིན་མས།

འདི་འབདཝ་ལས་ རྫོང་ཁག་གི་ཁ་ཐུག་ལས་ སྲནམ་ཅུམ་ཚུ་ སོན་སྦེ་ལག་ལེན་འཐབ་ནི་དོན་ལུ་ གཞན་མི་རྫོང་ཁག་ཚུ་ནང་ལུ་ཡང་ བཀྲམ་སྤེལ་འབད་ནི་ཟེར་སླབ་སྟེ་ ཡོད་ཟེར་ཨིན་མས།

སྡེ་ཚན་འདི་གིས་ ད་རེས་ སྲནམ་ཅུམ་ལྷམ་པ་མ་འདྲཝ་༤་ ཚོང་འབྲེལ་འཐབ་དོ་ཡོདཔ་ལས་ མ་འོངས་པའི་ནང་ལུ་ སྲནམ་ཅུམ་དགོ་མི་འདི་ མང་སུ་སྦེ་ འཐོན་འོང་མནོ་བའི་ རེ་བ་བསྐྱེད་དེ་འདུག