གཟའ་ཕུར་བུ། ༢༠༡༡ ཟླ་༣ པའི་སྤྱི་ཚེས་༣

ཚོད་བསྲེ་གི་ ལཱ་འབད་མི་འདི་གིས་ འབབ་ཁུངས་བཟོ་ཚུགས་ཏེ་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༢༨ ༢༠༡༨

༉ བཀྲིས་སྒང་ལུ་ སྐྱེས་ལོ་༤༦་ལང་མི་ འབོད་པ་གིས་ ཚོད་བསྲེ་གི་ལཱ་འབད་དེ་ མོ་རའི་ཚོད་བསྲེ་ཚུ་ ཉེ་འདབས་ཀྱི་ ལྟོ་ཐོབ་སློབ་གྲྭ་ཚུ་ནང་བཙོང་ནི་གི་ གོ་སྐབས་ལེན་ཚུགས་ཏེ་འདུག

མོ་གིས་སླབ་མི་ནང་ སློབ་གྲྭ་ཚུ་ནང་ལས་ཕར་ ཚོད་བསྲེ་དེ་སྦེ་བཙོང་པའི་སྐབས་ ཚོད་བསྲེ་ཉོ་མི་མེད་པའི་དཀའ་ངལ་མི་ཐོན་པས་ཟེར་ཨིནམ་མ་ཚད་ འབབ་ཁུངས་ཡང་ ཆེ་བས་ཟེར་བཤད་ཅི།

ཨ་ལུ་༥་གི་ཨའི་འདི་གིས་ འཚོ་བ་སྐྱོང་ནི་གི་དོན་ལུ་ ཚོད་བསྲེ་གི་ལཱ་འབད་དེ་ ལོ་༡༠་དེ་ཅིག་སོང་ཡོདཔ་ཨིན་མས།

མོ་གིས་ ཚོད་བསྲེ་ཚུ་ ཁྲོམ་ཁ་ལུ་ ས་གནས་ཀྱི་མི་ཚུ་ལུ་ བཙོང་ནི་འགོ་བཙུགས་ཏེ་ སྡོད་པའི་བར་ན་རང་ སྦོ་ལོགས་ཁའི་ སློབ་གྲྭ་ཚུ་གིས་ཡང་ མཁོ་མངག་འབད་ནི་འགོ་བཙུགས་ནུག

འདི་འབདཝ་ལས་འབོད་པ་གིས་ ད་རེས་ ཚོད་བསྲེ་ཚུ་ སློབ་གྲྭ་ཚུ་ནང་ལུ་རྐྱངམ་གཅིག་ བསྐྱེལ་དོ་ཡོདཔ་ལས་ གཞན་མི་ཚུ་ལུ་ མོ་གི་ཚོད་བསྲེ་དགོ་པ་ཅིན་ མོ་སྡོད་ས་རང་ ཉོ་བ་འོང་དགོ་དོ་ཡོདཔ་ཨིན་མས།

ད་རེས་ མོ་གིས་བཙུགས་ཏེ་ཡོད་མི་ འདབ་མ་ཀོ་པི་ཚུ་ག་ར་ སློབ་གྲྭ་ཚུ་གིས་ག་རང་ ཉོ་ཚར་ཏེ་ཡོདཔ་ད་ མོ་གིས་ ཚོད་བསྲེ་གཞན་མི་ ཀེ་བ་དང་ ཨེམ་ དེ་ལས་ སྒོགཔ་ཚུ་ཡང་ བཙུགས་དོ་ཡོདཔ་ཨིན་མས།

མོ་གིས་སླབ་མི་ནང་ ཚོད་བསྲེ་ཚུ་ སློབ་གྲྭ་ནང་ལས་ཕར་ བཙོང་ནི་འདི་ ལཱ་འཇམ་པའི་ཁར་ ཁེབ་ས་ཡང་ ཆེ་བས་ཟེར་བཤད་ཅི།

བཱོད་པ་གིས་ ཚོད་བསྲེ་གི་ལཱ་འདི་ཡང་ རང་འབྱུང་ལུ་ ས་ཆ་ཌེ་སི་མཱལ་༣༣་ལྷགཔ་ཅིག་ཡོད་ས་ལུ་ འབད་དོ་ཡོདཔ་ཨིན་མས།

མོ་ལུ་ ཚོད་བསྲེ་གི་ལཱ་འབད་ནི་ནང་ མོ་རའི་བུམོ་སྦོམ་ཤོས་འདི་གིས་ ཆ་རོགས་ཚུ་ འབད་དེ་འདུག